འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གསར་པས་2017ལོ་ཞི་བདེའི་ལོ་ཞིག་ཏུ་འགྱུར་
    བ་བྱེད་དགོས་པའི་འབོད་སྐུལ་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་03ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་1ཉིན་གསར་དུ་བསྐོ་གཞག་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལུའེ་སིས་ཟླ་1ཚེས་1ཉིན་ལས་གནས་འཁུར་བའི་ཉིན་དང་པོར་མི་ཚང་མས་སེམས་ཐག་གཙང་བཅད་ཀྱི་སྒོ་ནས་ཞི་བདེ་འདི་ཉིད་གནས་བབ་ཨང་དང་པོར་བཞག་སྟེ་2017ལོ་དེ་ཞི་བདེའི་ལོ་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
         ཀུའུ་ཐེ་ལུའེ་སིས་ལོ་གསར་པའི་བརྙན་ལམ་ཐོག་གི་ཤིས་ཚིག་གསུང་སྐབས“ཞི་བདེ་ནི་ང་ཚོའི་དམིགས་ཚད་དང་ང་ཚོའི་ཕྱོགས་སྟོན་ཡིན་དགོས། ལ་རྒྱ་དང་རེ་བ་དང་། ཡར་རྒྱས་དང་དར་རྒྱས་ཚང་མ་ང་ཚོ་མིའི་རིགས་ཀྱིས་འབད་འཐབ་ཧུར་ཐག་བྱས་ནས་མངོན་འགྱུར་ཡོང་བ་བྱེད་པའི་དམིགས་ཚད་ཅིག་ཡིན་པས་དེ་དག་ཚང་མ་ཞི་བདེར་རག་ལས་པས་ཞི་བདེ་ཡོང་རྒྱུ་དེ་ང་ཚོས་མངོན་འགྱུར་ཡོང་བ་བྱེད་དགོས”ཞེས་གསུངས་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།