འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་རིག་པའི་མཆོད་སྤྲིན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་24ཉིན། 16:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    རྒན་གོ་ཤུལ་གྲགས་པ་འབྱུང་གནས་ལགས་ཀྱིས་རྡོག་ཚིག་གསུང་བཤད་གནང་བ།
    རྒན་གོ་ཤུལ་གྲགས་པ་འབྱུང་གནས་ལགས་ཀྱིས་རྡོག་ཚིག་གསུང་བཤད་གནང་བ།
          མི་དམངས་དྲ་བའི་འཕྲིན། བོད་ཟླ་10ཚེས་25ཉིན་(སྤྱི་ཟླ་12ཚེས་23ཉིན)ཏེ་དགའ་ལྡན་ལྔ་མཆོད་ཀྱི་ཉིན་ལ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་ཞིབ་འཇུག་སློབ་མ་ཚོགས་པས་གཙོ་སྒྲུབ་གནང་བའི་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་རིག་པའི་མཆོད་སྤྲིན་ཞེས་པ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཀྲུང་ཧུའེ་ཐོག་ཁང་དུ་འཚོགས་ཤིང་། ཚོགས་འདུ་ཐོག་བཤེས་གཉེན་དམ་པའི་ཟབ་མོ་གསུང་གི་བདུད་རྩི་ཞེས་དགེ་རྒན་གོ་ཤུལ་གྲགས་པ་འབྱུང་གནས་ལགས་ཀྱིས་རྡོག་ཚིག་གསུང་བཤད་གནང་བ་དང་། རྟེན་འབྲེལ་བསྟོད་པ་སྙན་མོ་ངག་གི་མཆོད་པ་ཞེས་2014ལོའི་དངོས་གཞི་སློབ་མ་ཚོས་ཤོ་ལོ་ཀ་ང་བརྒྱད་ཀྱི་བདག་ཉིད་ཅན་རྟེན་འབྲེལ་བསྟོད་པ་བློར་འདོན་གནང་བ་དང་2016ལོའི་ཞིབ་འཇུག་སློབ་མ་གནམ་ལྷ་རྒྱལ་དང་བསོད་ནམས་སྒྲོལ་མ་གཉིས་ཀྱིས་ཤར་གངས་རི་མ་གྱེར་འདོན་གནང་། རིག་གཞུང་བགྲོ་གླེང་ཕྲ་ཞིབ་རིགས་པའི་བྲོ་གར་ཞེས་2015ལོའི་ཞིབ་འཇུག་སློབ་མ་གསུམ་དང་2016ལོའི་འབུམ་རམས་པ་གཅིག་བཅས་ཀྱིས་རང་ཉིད་ཀྱི་ཞིབ་འཇུག་དཔྱད་རྩོམ་སྒྲོག་སྦྱོང་གནང་མཐར་ཚོགས་ཞུགས་དགེ་རྒན་ཚོས་རེ་རེ་བཞིན་དཔྱད་བརྗོད་གནང་ལ་ཚོགས་ཞུགས་སློབ་མ་ཚོ་དང་དྲི་བ་དྲིས་ལན་གྱི་སྒོ་ནས་སྤེལ་རེས་གནང་། མཇུག་མཐར་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་འགན་འཛིན་རྒན་ཚེ་རིང་ཐར་ལགས་ཀྱིས་ཕྱོགས་བསྡོམས་གསུང་བཤད་གནང་བ་དང་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་བདུན་པ་རེ་ཞིག་བཀྲ་ཤིས་བདེ་ལེགས་ངང་མཇུག་རྫོགས་པ་རེད།
    2014ལོའི་དངོས་གཞི་སློབ་མ་ཚོས་རྟེན་འབྲེལ་བསྟོད་པ་བློར་འདོན་གནང་བ།
    2014ལོའི་དངོས་གཞི་སློབ་མ་ཚོས་རྟེན་འབྲེལ་བསྟོད་པ་བློར་འདོན་གནང་བ།
    2016ལོའི་ཞིབ་འཇུག་སློབ་མ་གནམ་ལྷ་རྒྱལ་དང་བསོད་ནམས་སྒྲོལ་མ་གཉིས་ཀྱིས་ཤར་གངས་རི་མ་གྱེར་འདོན་གནང་བ།
    2016ལོའི་ཞིབ་འཇུག་སློབ་མ་གནམ་ལྷ་རྒྱལ་དང་བསོད་ནམས་སྒྲོལ་མ་གཉིས་ཀྱིས་ཤར་གངས་རི་མ་གྱེར་འདོན་གནང་བ།
    ཞིབ་འཇུག་དཔྱད་རྩོམ་སྒྲོག་སྦྱོང་གནང་མཁན་གྱི་ཞིབ་འཇུག་སློབ་མ་དང་འབུམ་རམས་པ་ཚོ།
    ཞིབ་འཇུག་དཔྱད་རྩོམ་སྒྲོག་སྦྱོང་གནང་མཁན་གྱི་ཞིབ་འཇུག་སློབ་མ་དང་འབུམ་རམས་པ་ཚོ།
    ཞིབ་འཇུག་དཔྱད་རྩོམ་སྒྲོག་སྦྱོང་གནང་མཁན་ཚོར་བྱ་དགའ་གནང་བ།
    ཞིབ་འཇུག་དཔྱད་རྩོམ་སྒྲོག་སྦྱོང་གནང་མཁན་ཚོར་བྱ་དགའ་གནང་བ།
    སློབ་གླིང་གི་འགན་འཛིན་རྒན་ཚེ་རིང་ཐར་ལགས་ཀྱིས་ཕྱོགས་བསྡོམས་གསུང་བཤད་གནང་བ།
    སློབ་གླིང་གི་འགན་འཛིན་རྒན་ཚེ་རིང་ཐར་ལགས་ཀྱིས་ཕྱོགས་བསྡོམས་གསུང་བཤད་གནང་བ།
    ཚོགས་འདུར་ཕེབས་པའི་དགེ་རྒན་དང་སློབ་གྲོགས་ཚོ།
    ཚོགས་འདུར་ཕེབས་པའི་དགེ་རྒན་དང་སློབ་གྲོགས་ཚོ།
      

    ཕྱོགས་བསྡུས་གསར་འགྱུར།