འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་རྐང་རྩེད་སྤོ་ལོ་གདན་ཞུའི་འགྲན་བསྡུར་སྐབས་དང་པོ་་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་26ཉིན། 17:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་རྐང་རྩེད་སྤོ་ལོ་གདན་ཞུའི་འགྲན་བསྡུར་སྐབས་དང་པོ་་གཉེར་བ།
         ཟླ་12ཚེས་24ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་རྐང་རྩེད་སྤོ་ལོ་གདན་ཞུའི་འགྲན་བསྡུར་སྐབས་དང་པོ་ལྷ་སའི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་བྱེད་འགོ་ཚུགས་ཤིང་། བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་དྲུག་ནས་ཡོང་བའི་རུ་ཁག་བརྒྱད་ཀྱིས་རེས་འཁོར་རྐྱང་པའི་འགྲན་བསྡུར་ལམ་ལུགས་ལག་བསྟར་བྱས་ནས་དུས་ཡུན་ཉིན་7རིང་ཛ་དྲག་ཆེ་བའི་འགྲན་བསྡུར་བྱ་རྒྱུ་རེད།
          ཁ་བ་ཅན་གྱི་མཐོ་སྒང་ལ་ནམ་གཤིས་གྲང་ངར་ཆེ་ཞིང་གསོ་རླུང་མི་འདང་བས། མང་ཚོགས་ཀྱི་ལུས་རྩལ་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་གཏོང་དགོས་པ་རེད། ཉེ་བའི་ལོ་འགའི་རིང་ལ་གཞུང་ཕྱོགས་ཀྱིས་སྒྲིག་འཛུགས་བྱས་པ་དང་མང་ཚོགས་ཞུགས་པའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་བོད་ལྗོངས་སུ་འཕེལ་རྒྱས་མགྱོགས་མྱུར་འགྲོ་བཞིན་ཡོད། མངའ་རིས་ས་ཁུལ་གྱི་འཐུས་མི་རུ་ཁག་གི་སྣེ་ཁྲིད་མཁན་གནམ་ལྷ་བཀྲ་ཤིས་ཀྱིས"འདི་ལོར་མངའ་རིས་ཀྱིས་དཔྱིད་སྟོན་དུས་གཉིས་ལ"གཟའ་མཇུག་བུམ་པའི"རྐང་རྩེད་སྤོ་ལོ་འགྲན་བསྡུར་ཐེངས་རེ་སྤེལ་བ་དང་། ཚང་མ་མང་ཚོགས་རང་ཉིད་ཀྱིས་རུ་ཁག་བསྒྲིགས་ནས་ཐོ་འགོད་བྱས་པ་ཡིན་ཞིང་། དཔྱིད་ཀའི་འགྲན་བསྡུར་སྐབས་དེར་རུ་ཁག་12ཞུགས་ཡོད་པ་དང་། སྟོན་ཁའི་འགྲན་བསྡུར་ལ་ཞུགས་མཁན་རུ་ཁག་16ལ་འཕར་སྣོན་བྱུང་ཡོད"ཅེས་བཤད་པ་རེད།
         ལྷོ་ཁ་གྲོང་ཁྱེར་གྱིས་ཀྱང་ལོ་རེར་དུས་བཀག་ལྟར་རྐང་རྩེད་སྤོ་ལོ་འགྲན་བསྡུར་སྒྲིག་འཛུགས་བྱེད་ཀྱི་ཡོད་པ་དང་། ཟླ་བ་8པའམ་ཟླ་བ་9པའི་ནང"ལུས་རྩལ་རྒྱན་ཤོག་བུམ་པའི་"འགྲན་བསྡུར་གཉེར་གྱི་ཡོད་པ་དང་། དེ་མིན་ད་དུང་དུས་བདམས་ཏེ་U13དང་། U15། U17བཅས་ཀྱི་གཞོན་ནུའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་གཉེར་གྱི་ཡོད། ལྷོ་ཁ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱི་འགོ་འཛིན་གཞོན་པ་རིག་འཛིན་དར་རྒྱས་ཀྱིས་ངོ་སྤྲོད་བྱས་ནས་ལོ་མཚམས་འདི་གསུམ་སོ་སོ་སློབ་ཆུང་དང་། སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་ཀྱི་སློབ་མ་དང་དོ་མཉམ་པས། ད་ལོའི་U15འགྲན་བསྡུར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4400ཟིན་པའི་སྣ་དཀར་རྩེ་རྗོང་དུ་གཉེར་བ་དང་། རུ་ཁག་15འགྲན་བསྡུར་ལ་ཞུགས་ཡོད"ཅེས་བརྗོད་པ་རེད།
        གདན་ཞུའི་འགྲན་སྡུར་ཐོག ལྷ་སའི་ལས་ཞོར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་རུ་ཁག་ནི་ཅུང་དམིགས་བསལ་ཅན་ཞིག་ཡིན་ཞིང་། དེ་ནི་རུ་ཁག་དེས་ས་ཁུལ་ལམ་གྲོང་ཁྱེར་ག་ག་མོའི་ཚབ་བྱེད་ཀྱི་མེད་པ་རེད། རུ་ཁག་སྣེ་ཁྲིད་པ་བསྟན་པས་ངོ་སྤྲོད་བྱས་ནས་ལྷ་སའི་རྐང་རྩེད་སྤོ་ལོ་ལུས་རྩལ་ནི་མི་འབོར་དང་རྩེད་ར་གཉིས་བལྟོས་བཅས་ཀྱིས་བཟང་བའི་རྐྱེན་གྱིས་འཕེལ་རྒྱས་ལེགས་པོ་བྱུང་ཞིང་། ད་ལྟ་སོ་སོའི་མཉམ་འབྲེལ་འགྲན་བསྡུར་ཡོད་པར་གྱུར། མིག་སྔར་རིམ་པ་ཀ་པའི་མཉམ་འབྲེལ་འགྲན་བསྡུར་ལ་རུ་ཁག་16ཡོད་པ་དང་། རིམ་པ་ཁ་པའི་འགྲན་བསྡུར་ལ་རུ་ཁག་25ཡོད་ཅིང་། ཟླ་བ་6པ་ནས་ཟླ་བ་9པའི་བར་གྱི་དུས་ཡུན་དུ་མཉམ་འབྲེལ་འགྲན་བསྡུར་ལ་ཁྱོན་བསྡོམས་ཐེངས་100ལྷག་གི་འགྲན་རྩོད་བྱ་རྒྱུ་རེད། མཉམ་འབྲེལ་འགྲན་བསྡུར་གྱི་རུ་མི་ཚོ་ནི་ལས་རིགས་ཁག་ནས་ཡོང་བ་ཡིན་པས། དགེ་རྒན་དང་། གཞུང་ཞབས་པ། ཉེན་རྟོག་དཔོན་པོ་བཅས་ཡོད་ཅིང་། ཚང་མས་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་ཀྱི་ཡོད་པ་དང་། ལས་ཞོར་གྱི་དུས་ཚོད་བེད་སྤྱོད་ནས་སྤོ་ལོ་རྩེད་ཀྱི་ཡོད། ཐེངས་འདིའི་འགྲན་བསྡུར་ལ་ཞུགས་མཁན་རུ་མི་18ཀྱི་ཁྲོད་དུ་སློབ་ཆེན་ནས་ཐོན་མ་ཐག་པའི་སློབ་མ་གསུམ་ཡོད་པ་ཕུད། གཞན་ཚང་མ་མཉམ་འབྲེལ་འགྲན་བསྡུར་གྱི་རུ་ཁག་གི་རུ་མི་རེད་ཅེས་བརྗོད་པ་རེད།  
        ཟླ་12ཚེས་24ཉིན་གྱི་འགྲན་བསྡུར་བྱེད་འགོ་ཚུགས་པའི་འགྲན་བསྡུར་ཁྲོད་གཙོ་གཉེར་པ་ལྷ་སའི་རུ་ཁག་གིས་སྐར་གྲངས་2:0ཐོག་ནས་ཉིང་ཁྲི་རུ་ཁག་ལས་རྣམ་པར་རྒྱལ་ཞིང་། འགྲན་བསྡུར་ནི་མུ་མཐུད་དུ་ཚེས་30བར་རྒྱུན་མཐུད་བྱ་རྒྱུ་རེད།
    ༄༅།།བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་རྐང་རྩེད་སྤོ་ལོ་གདན་ཞུའི་འགྲན་བསྡུར་སྐབས་དང་པོ་་གཉེར་བ།
      

    ཕྱོགས་བསྡུས་གསར་འགྱུར།