འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།དྲོ་སྐྱིད། ཡིད་ཆེས། རེ་སྒུག

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་03ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        —— ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་ལས་དོན་མི་སྣ་དང་དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ལ་གྲོས་བསྡུར་འཁྲུག་པོ་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་1ཉིན། ལོ་གསར་གྱི་སྔ་ནུབ་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་2017ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ་དང་། ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་ལས་དོན་མི་སྣ་དང་དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་ཐད་གཏོང་བརྒྱུད་དུས་ཐོག་ཏུ་ཀྲུའུ་ཞི་ཞིས་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་བལྟས་རྗེས་དེ་ནི་མི་སེམས་ལ་དྲི་སྐྱིད་སྦྱིན་པ་དང་མི་རྣམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད་པས། ལོ་གསར་པའི་ནང“ཚང་མས་ཕུ་ཐུང་བརྫེས་ནས་ནུས་ཤུགས་འདོན”ཏེ་ལས་རིགས་ཚང་མས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
        ཡོ་རོབ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པའི་ཚོགས་གཙོ་དབྱང་ཡན་དབྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་ཤིས་ཚིག་དེ་ནི“མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་། མི་སེམས་འགུལ་བ། མི་སེམས་ལ་སྐུལ་མ་གཏོང་བ”བཅས་ཡིན་ཞེས་བཤད། ཁོང་གིས་ལོ་གསར་པའི་ནང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ཧུར་ཐག་བྱས་ཏེ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་བཞག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཕྱི་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་ཧུར་ཐག་བཏོད་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེར་ཞབས་འདེགས་སྔར་བས་ཡག་པོ་ཞུས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བཤད་པ་རེད།
        “ཀྲུའུ་ཞི་ཞིས་ཅིན་ཕིང་གི་ཤིས་ཚིག་དེས་མི་རྣམས་ལ་སྐུལ་མ་ཚད་མེད་ཐེབས་ཡོད”སི་ལོ་ཝ་ཁེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིན་ལིན་གྱིས“དགའ་ཚོར་ཆེན་པོ་བྱེད་འོས་པ་ཞིག་ནི་ཤིས་ཚིག་ནང་ཀྲུང་གོས་2016ལོར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་འཚོགས་པ་དང་། དེ་བཞིན་མངའ་ཁོངས་ས་ཆའི་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་ལུགས་བཏོན་པ་དེ་རེད”ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་དང་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་བློ་མཐུན་ཚོས་མེས་རྒྱལ་གྱི་ཕྱི་འབྲེལ་བྱ་གཞག་ཆེད་རང་སོ་སོའི་ལེགས་སྐྱེས་འབུལ་དགོས་ཞེས་བཤད།
        ཐུར་ཁེའི་དབྱི་སི་ཐན་པུར་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཆན་པོའོ་ཡིས་འདས་ཟིན་པའི་ལོ་གཅིག་ནང་ཀྲུང་གོའི་ཕྱི་འབྲེལ་ལས་དོན་ཐད་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཡར་བརྩོན་ཧུར་ཐག་བྱས་ནས་ཕྱི་འབྲེལ་གྱི་བཀོད་པ་ཕྱོགས་ཐམས་ཅད་ནས་གསར་འབྱེད་བྱས་པས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་འོས་པའི་གྲུབ་འབྲས་ཐོབ་པ་དང་། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་ཡག་པོ་བྱུང་ཡོད། ལོ་གསར་པའི་ནང་ཀྲུང་གོའི་ཕྱི་འབྲེལ་ལས་དོན་ལ་ཚད་བརྒལ་གསར་པ་ཡོང་རྒྱུར་ཡིད་ཆེས་ཆེན་པོ་ཡོད་ཅེས་བཤད།
        འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ལས་དོན་མི་སྣས་ལོ་གཅིག་ནང་གི་མེས་རྒྱལ་གྱི་འཕེལ་རྒྱས་གྲུབ་འབྲས་ནི་མི་རྣམས་དགའ་བ་སྐྱེ་འོས་པ་ཞིག་དང་ཞི་བདེ་བརྟན་ལྷིང་གི་རྣམ་པ་གཅེས་འཛིན་བྱེད་འོས་པ་ཞིག་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་བཤད་དེས་མི་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་ནས་ཕྱི་རྒྱལ་དུ་བཅའ་སྡོད་མི་སྣའི་ཧུར་སེམས་ཆེ་རུ་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།
        ཐན་ཙན་ནི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་24པའི་རུ་དཔོན་ཅང་ཡུང་ཧྭ་ཡིས་ལོ་གསར་གྱི་ཤིས་ཚིག་བལྟས་རྗེས་སེམས་འགུལ་ཟབ་མོ་ཐེབས་ཤིང་། ཁོང་གིས་2016ལོར་ཀྲུང་གོར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་ཀྲུང་གོ་བ་ཞིག་ཡིན་པའི་ངོས་ནས་སྤོབས་པ་ཆེན་པོ་སྐྱེ་གི་འདུག 2017ལོར་སྨན་བཅོས་རུ་ཁག་གིས་དཀའ་ངལ་ལ་མི་འཛེམ་པ་དང་། ལེགས་སྐྱེས་འབུལ་འདོད་ཆེ་བ། ནད་བཅོས་སྲོག་སྐྱོབ། གཅེས་སེམས་ཆེན་པོར་རྫོགས་མཐའ་མེད་པའི་སྨན་བཅོས་རུ་ཁག་གི་སྙིང་སྟོབས་བཅས་མུ་མཐུད་དར་སྤེལ་བཏང་ནས་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་བྱ་གཞག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།
        ཀྲུང་གོའི་ཁག་གསུམ་པའི་ལྷོ་སུའུ་ཏན་དུ་བསྐྱོད་མཁན་ཞི་བདེ་སྲུང་སྐྱོང་རྐང་དམག་ཡིང་གི་དཔོན་དམག་ཚོས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་ལོ་གསར་གྱི་ཤིག་ཚིག་དེས་མི་སེམས་ལ་སྐུལ་མ་ཐེབས་ཤིང་། ལྷག་བསམ་ཟོལ་མེད་ངང་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཞི་བདེ་སྲུང་སྐྱོང་གི་འགན་འཁྲི་ལག་ལེན་ཡག་པོ་བསྟར་ཏེ་ཀྲུང་གོའི་དམག་མིའི་གཟུགས་བརྙན་བཟང་པོ་དང་འགན་འཁྲི་ཁུར་ཕོད་པའི་སྙིང་སྟོབས་མངོན་པ་བྱ་རྒྱུ་ཡིན་ཞེས་བཤད།
        ཧན་གོར་ཡོད་པའི་ཀྲུང་གོའི་ཕྱིར་སྡོད་རང་མི་མཐུན་ཚོགས་སྤྱི་ཁྱབ་ཚོགས་པའི་སྤྱི་ཁྱབ་ཚོགས་གཙོ་ཝང་ཧའེ་ཅུན་གྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་ལོ་གསར་གྱི་ཤིག་ཚིག་ནང“ཚང་མས་ཕུ་ཐུང་བརྫེས་ནས་ནུས་ཤུགས་འདོན་དགོས”ཞེས་གསུངས་པ་ལས་ངར་བྱམས་བརྩེ་ལྡན་པའི་ཚོར་སྣང་ཞིག་བྱུང་། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་རེ་འདུན་ཆེ་ཤོས་ནི་རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་རྒྱུ་དེ་ཡིན། རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་ཚེ་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་གཞི་ནས་མགོ་བོ་གཟེངས་སུ་བཏེགས་རྒྱུ་ཡོད་པ་དང་སྐད་ཆ་ཤོད་སྐབས་གདེང་ཚོད་ཆེ་རུ་འགྲོ་རྒྱུ་རེད། དེ་ནི་ང་ཚོའི་ཕན་བདེ་ཆེ་ཤོས་དེའང་ཡིན་ཞེས་བཤད།
        ཨོ་སི་ཁྲུ་ལི་ཡའི་གནས་གོང་ཆེ་བའི་བཟའ་བཅའ་ཕྱིར་གཏོང་ཚོང་པ་ལི་ཝེ་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ལས་མི་སེམས་ལ་སྐུལ་མ་ཐེབས་པ་དང་ཨོ་སི་ཁྲུ་ལི་ཡར་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཡིད་ཆེས་ཆེ་རུ་སོང་ཡོད། ཀྲུང་གོར་ཁྲོམ་ར་ཆེན་པོ་ཡོད་པས་ཨོ་སི་ཁྲུ་ལི་ཡའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་ཁྲོམ་ར་དེའི་མི་མངོན་པའི་སྟོབས་ཤུགས་ལ་ལྟ་སྟངས་ཡག་པོ་ཡོད། “ལོ་གསར་པའི་ནང་ཨོ་སི་ཁྲུ་ལི་ཡར་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་ཕུ་ཐུང་བརྫེས་ནས་ནུས་ཤུགས་འདོན་ངེས་རེད”ཅེས་བཤད།
        ཨོ་སི་ཁྲུ་ལི་ཡར་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་ཝང་ཚའོ་ཡིས“ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུང་བཤད་ཉན་རྗེས་ངའི་སེམས་ནང་གི་མི་རིགས་ཀྱི་སྤོབས་སེམས་སྔར་བས་ཆེ་རུ་ཕྱིན་སོང་། ང་ཚོ་མི་དམངས་མང་ཚོགས་དཀྱུས་མ་ནི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནང་ཞུགས་མཁན་ཞིག་ཡིན་ལ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁེ་ཕན་ཐོབ་མཁན་ཞིག་ཀྱང་ཡིན། ང་ཚོས་རྒྱུན་དུ་བདེ་སྡོད་ཉེན་བསམ་བྱས་ན་ང་ཚོ་བདེ་སྡོད་ཐུབ་ཅེས་ཤོད་ཀྱི་ཡོད། དེ་ནི་རང་རེའི་ཏང་དང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཉེན་བསམ་བྱས་པ་ལས་ང་ཚོར་བདེ་འཇགས་ཚོར་སེམས་དང་མི་རིགས་ཀྱི་སྤོབས་སེམས་ལྡན་ཡོད”ཅེས་བཤད།
         ཧྭ་ཁྲེན་རླངས་འཁོར་ཨུ་རུ་སུ་ཀུང་སིའི་ནོར་དོན་སྤྱི་ཁྱབ་ལྟ་ཞིབ་པ་ཅིས་ཧྲུའུ་ཅེ་ཡིས་ངར་བག་ཆགས་ཟབ་ཤོས་བྱུང་བ་ནི་ཀྲུའུ་ཞི་ཞིས་ཅིན་ཕིང་གི་ཤིས་ཚིག་ནང“རྒྱུད་གཅིག་ལམ་གཅིག”སྐོར་གླེང་བ་དེ་ཡིན། ངས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་ལ་ཀྲུང་གོའི་རླངས་འཁོར་དེ་བས་མང་བ་ཐོན་རེ་བྱེད་པ་དང“ཀྲུང་གོས་བཟོས་པའི”རླངས་འཁོར་དེ་བས་མང་བ་འཛམ་གླིང་ཐོག་ཐོན་རྒྱུའི་རེ་བ་ཡོད་ཅེས་བཤད།
         ནེའུ་ཙི་ལན་གྱི་ཝེ་ལིང་ཐོན་གྱི་ཀྲུང་གོའི་སློབ་མ་དང་མཁས་དབང་མཐུན་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཆི་ཧུང་ཞ་ཡིས་ཉིན་ལྟར་ཕྱི་རྒྱལ་བ་དང་འབྲེལ་གཏུག་བྱེད་རིམ་བཞིན་མེས་རྒྱལ་སྟོབས་ཆེར་ཕྱིན་པ་ལས་བྱུང་བའི་ཤུགས་རྐྱེན་ཚོར་གྱི་འདུག་ལ་དུས་དང་རྣམ་པ་ཀུན་ཏུ་སེམས་གཏིང་ནས་སྤོབས་པ་སྐྱེ་གི་འདུག ཤིས་ཚིག་ནང་གླེང་བའི་གྲུབ་འབྲས་རབ་དང་རིམ་པ་དག་འཛམ་གླིང་ཡོངས་ཀྱི་མི་དམངས་ཚོའི་མཐོང་ཆོས་སུ་གྱུར་བ་དེའི་ནང་ངར་བྱུང་བའི་བག་ཆགས་ཟབ་ཤོས་ཤིག་ནི“འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་བུའི་ཐོག་མི་གཅིག་ཀྱང་མ་ལུས་པ་བྱེད་དགོས”ཞེས་པ་དེ་ཡིན། དེ་ལས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཆོད་སེམས་དང་ཡིད་ཆེས་མཚོན་ཐུབ་ཅེས་བཤད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།