འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བ་སོའི་ཐོན་རྫས་བཀག་སྡོམ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་03ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《བ་སོ་དང་བ་སོའི་ཐོན་རྫས་ཚོང་ལས་རང་བཞིན་གྱི་ལས་སྣོན་དང་ཕྱིར་ཚོང་བྱེད་རིགས་གོ་རིམ་ལྡན་པའི་ངང་བཀག་འགོག་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ་》བཀྲམ་ནས། བ་སོ་དང་བ་སོའི་ཐོན་རྫས་ཚོང་ལས་རང་བཞིན་གྱི་ལས་སྣོན་དང་ཕྱིར་ཚོང་བྱེད་རིགས་དུས་དབྱེ་ཁག་བགོས་ཀྱིས་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
        ད་ཆ་རང་རྒྱལ་དུ་གནས་གཏན་འཁེལ་གྱི་བ་སོ་ལས་སྣོན་ཁེ་ལས་34དང་། གནས་གཏན་འཁེལ་གྱི་བ་སོ་ཕྱིར་ཚོང་བྱ་ཡུལ་143ཡོད། བརྡ་ཐོའི་བླང་བྱ་གཞིར་བཟུང་། རྒྱལ་ཁབ་ནགས་ལས་ཅུས་ཀྱིས་2017ལོའི་ཟླ་3ཚེས་31ཉིན་གོང་གནས་གཏན་འཁེལ་གྱི་བ་སོ་ལས་སྣོན་ཁེ་ལས་10ནས་15བར་དང་། གནས་གཏན་འཁེལ་གྱི་བ་སོ་ཕྱིར་ཚོང་བྱ་ཡུལ་50ནས་60ཡི་བར་སྔ་རྗེས་སུ་ལས་མཚམས་འཇོག་ཏུ་འཇུག་རྒྱུ་དང་། དེ་བྱིངས་གནས་གཏན་འཁེལ་གྱི་བ་སོ་ལས་སྣོན་དང་ཕྱིར་ཚོང་ཚན་པ་2017ལོའི་ཟླ་12ཚེས་31ཉིན་གྱི་གོང་ཡོངས་རྫོགས་ལས་མཚམས་འཇོག་ཏུ་འཇུག་རྒྱུ་རེད། བ་སོ་དང་བ་སོའི་ཐོན་རྫས་ཚོང་ལས་རང་བཞིན་གྱི་ལས་སྣོན་དང་ཕྱིར་ཚོང་བྱེད་རིགས་མཚམས་འཇོག་བྱེད་སྐབས། ཀྲུང་གོའི་ནགས་ལས་དང་། སྤྱི་བདེ། འགག་སྒོ བཟོ་ཚོང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་ཚན་པ་དང་མི་སྒེར་གྱིས་ཁྲིམས་མཐུན་བསྡུ་ཉར་བྱས་པའི་བ་སོའི་ཐོན་རྫས་ལ་མུ་མཐུད་དོ་དམ་ནན་པོ་བྱེད་པ་དང་། ཁྲིམས་འཛིན་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། བ་སོ་དང་བ་སོའི་ཐོན་རྫས་ཁྲིམས་འགལ་ངང་ལས་སྣོན་ཕྱིར་ཚོང་དང་། དབོར་འདྲེན། ལྐོག་འདྲེན་སོགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ། ཁྲིམས་འགལ་ལས་སྣོན་བྱ་ཡུལ་གཙོ་གནད་ཐོག་རྩད་གཅོད་ཞིབ་བཤེར་དང་མེད་པར་བཟོ་བ། ཁྲིམས་འགལ་གྱི་ཉོ་ཚོང་བྱེད་ལམ་འགོག་པ་བཅས་བྱེད་རྒྱུ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།