འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཁ་གསབ་སྤྲོད་པའི་སྲིད་ཇུས་གསར་པ་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་03ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ནོར་སྲིད་པུའུ་དང་། ཚན་རྩལ་པུའུ། བཟོ་ལས་ཆ་འཕྲིན་པུའུ། འཕེལ་སྒྱུར་ཨུ་ལྷན་བཅས་ཀྱིས། 2017ལོའི་ཟླ་1ཚེས་1ཉིན་ནས་བཟུང་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་བེད་སྤྱོད་ཀྱི་ཁ་གསབ་སྲིད་ཇུས་ལེགས་སྒྲིག་བྱེད་རྒྱུའི་གཏན་འབེབས་བྱས་པ་རེད། སྲིད་ཇུས་ལེགས་སྒྲིག་གི་གཞི་རྩའི་བསམ་ཕྱོགས་ནི། 2016ལོ་ནས་2020ལོའི་བར་གྱི་ཁ་གསབ་སྲིད་ཇུས་སྤྱིར་ན་བརྟན་པོ་ཡོང་བ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནོར་སྲིད་ཁ་གསབ་ལམ་སྲོལ་གྱིས་ལག་རྩལ་ཡར་ཐོན་དང་ལེགས་སྐྱོར་ཆེ་སྐྱོར་ལ་སྐུལ་ལྕག་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་ནས་ཐོན་ལས་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།