འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།མཐའ་མཚམས་སྲ་བརྟན་དང་མི་དམངས་ཕྱུག་པོར་བསྒྱུར་པ་སྟེ། བོད་ལྷོའི་མཐའ་མཚམས་
    གྲོང་རྡལ་ཆུང་བའི་དབུལ་སྐྱོར་གསར་གཏོད་ཐབས་ཇུས། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་23ཉིན། 16:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཐའ་མཚམས་སྲ་བརྟན་དང་མི་དམངས་ཕྱུག་པོར་བསྒྱུར་པ་སྟེ། བོད་ལྷོའི་མཐའ་མཚམས་
གྲོང་རྡལ་ཆུང་བའི་དབུལ་སྐྱོར་གསར་གཏོད་ཐབས་ཇུས།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་21ཉིན། "དགུན་དུས་བོད་ལྗོངས་སུ་བསྐྱོད་"ཅེས་པའི་རྒྱལ་ཡོངས་དྲ་སྦྲེལ་སྨྱན་སྦྱོར་ལྷོ་ཁར་བསྐྱོད་པའི་བཅར་འདྲིའི་ཚོགས་ཆུང་ལྷོ་ཁ་གྲོང་ཁྱེར་གྱི་ལྷོ་བྲག་རྫོང་དུ་བཅར་འདྲི་བྱེད་པར་འབྱོར་ཞིང་། ལྷོ་བྲག་རྫོང་དུ་མཐའ་མཚམས་སྲ་བརྟན་དང་དབུལ་སྐྱོར་བྱ་རྒྱུ་ནི་དབུལ་སྐྱོར་གནད་སྨིན་བྱེད་པའི་ལས་འགན་དོན་ཐོག་ཏུ་འཁྱོལ་བའི་གསར་གཏོད་ཐབས་ཇུས་ཤིག་རེད།
         མཐའ་མཚམས་མདུན་ཕྱོགས་སུ་གནས་པའི་མང་ཚོགས་ཀྱི་འཚོ་བའི་དཀའ་ཁག་ཐག་གཅོད་བྱ་ཆེད་ལྷོ་བྲག་རྫོང་གིས་ལྷོ་ཁ་གྲོང་ཁྱེར་གྱི་དམངས་ཕྱུག་མཐའ་མཚམས་སྲ་བརྟན་གཏོང་བའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ནས་མཐའ་མཚམས་མདུན་ཕྱོགས་སུ་གནས་པའི་མང་ཚོགས་ལ་ལོ་རེར་མི་རེར་ཁ་གསབ་རོགས་དངུལ་སྒོར་2900སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་ཤིང་། ཁ་གསབ་རོགས་དངུལ་སྤྲོད་པ་དེས་མང་ཚོགས་ཀྱིས་བློ་བདེ་བའི་ངང་མཐའ་ཁུལ་སྲུང་བ་མ་ཟད། ད་དུང་དབུལ་ཕོངས་དུད་ཁྱིམ་མང་པོར་དབུལ་ཞྭ་འབུད་རོགས་ཀྱང་བྱས་པ་རེད།
        གསར་འགོད་པ་ལྷོ་བྲག་རྫོང་གི་སྲད་ཤང་ཆུ་བཞི་གྲོང་ཚོའི་གྲོང་མི་འཆི་མེད་སྒྲོལ་དཀར་ཚང་དུ་བཅར་འདྲི་བྱེད་པར་སོང་ཞིང་། ཁྱིམ་ཚང་འདི་ནི་ཡིག་ཚགས་དང་གཱ་བཟོ་ཁོངས་སུ་བཅུག་པའི་དབུལ་ཕོངས་དུད་ཚང་ཞིག་ཡིན་ལ། བདག་མོ་འཆི་མེད་སྒྲོ་དཀར་ནི་ལོ་47ཡིན་ཞིང་། ཁྱིམ་མི་གཞན་ད་དུང་རྒན་འཁོགས་གཉིས་དང་བུ་ཕྲུག་གསུམ། ཚ་བོ་གཅིག་བཅས་ཡོད་པས། འཚོ་བའི་ཐད་གནོན་ཤུགས་ཆེ་ཙམ་ཡོད་པ་རེད། སྲིད་གཞུང་གི་གནད་སྨིན་དབུལ་སྐྱོར་སྲིད་ཇུས་ཀྱི་གཟིགས་སྐྱོང་འོག གཏན་འབེབས་ལྟར་ན་འཆི་མེད་སྒྲོལ་དཀར་ཁྱིམ་དུད་ཀྱི་ལོ་16ཡན་གྱི་མི་ལྔ་ལ་མཐའ་མཚམས་མི་སེར་གྱི་ཁ་གསབ་རོགས་དངུལ་གཅིག་པོ་ལོ་རེར་སྒོར་14500ལེན་རྒྱུ་ཡོད་པ་རེད།
         མཐའ་མཚམས་མི་སེར་ལ་ཁ་གསབ་རོགས་དངུལ་ཡོད་པ་ཕུད་སྲིད་གཞུང་གིས་ད་དུང་སློབ་གསོའི་ཐོག་ནས་དབུལ་སྐྱོར་དང་། སྨན་བཅོས་ཐོག་ནས་དབུལ་སྐྱོར། ལས་ཞུགས་ཐོག་ནས་དབུལ་སྐྱོར་སོགས་ཀྱི་བྱ་ཐབས་ཐོག་ནས་འཆི་མེད་སྒྲོལ་དཀར་གྱི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད། ཁོང་གིས་གསར་འགོད་པར་སྟོན་པའི་དངུལ་བཅོལ་འཛིན་གྱི་ཐོག་ནས་མིག་སྔར་ཁྱིམ་ཚང་ལ་བཅོལ་དངུལ་ལྷག་གྲངས་སྒོར་29000ལྷག་ཡོད་པ་མཐོང་ཐུབ་པ་དང་། ཁོང་གིས་གསར་འགོད་པར་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། རྩ་འཛུགས་རིམ་པ་ཁག་དང་ལས་བྱེད་པས་རོགས་སྐྱོར་གནང་སྟེ་ཁོང་ཚོར་འཚོ་བ་སྐྱིད་པོ་སྐྱེལ་དུ་བཅུག་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་བྲག་རྫོང་དུ་མ་ཟད། ལྷོ་ཁ་གྲོང་ཁྱེར་ཡོངས་སུ་འཆི་མེད་སྒྲོལ་དཀར་གྱི་ཁྱིམ་ཚང་ལྟ་བུ་མཐའ་མཚམས་སྲ་བརྟན་དང་དམངས་ཕྱུག་སོགས་ཕྱོགས་བསྡུས་དབུལ་སྐྱོར་བྱ་ཐབས་ལ་བརྟེན་ནས་དབུལ་ཞྭ་འབུད་པའི་ཁྱིམ་ཚང་ད་དུང་མང་པོ་ཡོད་པ་རེད། 2016ལོའི་ལྷོ་ཁ་གྲོང་ཁྱེར་གྱི་གནད་སྨིན་དབུལ་སྐྱོར་བྱས་པའི་ཁྲོད་མཐའ་མཚམས་སྲ་བརྟན་དང་དམངས་ཕྱུག་བྱས་ཚུལ་བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར། མཐའ་མཚམས་གྲོང་རྡལ་ཆུང་བའི་དཔེ་སྟོན་གྲོང་ཚོ་49སྒྲིག་འཛུགས་བྱེད་པའི་ལས་ཀ་བསྒྲུབས་ཤིང་། ཁྱིམ་ཚང་4704ཡི་མི་གྲངས་ཁྲི་1.28དང་འབྲེལ་བ་ཡོད་པ་རེད། 
    ༄༅།།མཐའ་མཚམས་སྲ་བརྟན་དང་མི་དམངས་ཕྱུག་པོར་བསྒྱུར་པ་སྟེ། བོད་ལྷོའི་མཐའ་མཚམས་
གྲོང་རྡལ་ཆུང་བའི་དབུལ་སྐྱོར་གསར་གཏོད་ཐབས་ཇུས།
      

    ཕྱོགས་བསྡུས་གསར་འགྱུར།