འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཝུ་ཧན་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་པ་སེ་རྫུན་མ་བཟོ་འཚོང་བྱེད་གནས་ཤིག་གཏོར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་23ཉིན། 16:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཝུ་ཧན་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་པ་སེ་རྫུན་མ་བཟོ་འཚོང་བྱེད་གནས་ཤིག་གཏོར་བ།
          མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་འཆར་ཉེར། ཝུ་ཧན་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་ཉེ་དུས་མེ་འཁོར་པ་སེ་རྫུན་མ་བཟོ་འཚོང་བྱེད་གནས་ཤིག་གཏོར་ནས་དོགས་ཡོད་ཉེས་ཅན་མི་3བཟུང་ཡོད་ལ། རང་སར་མེ་འཁོར་པ་སེ་རྫུན་མ་བཟོ་བྱེད་ཀྱི་པར་གཞི་ཁྲི་2.4ལྷག་ཙམ་དང་། སྒོར་ཁྲི་22རི་བའི་མེ་འཁོར་པ་སེ་རྫུན་མ་565 པ་སེ་རྫུན་མ་ཉོ་འཚོང་གི་མྱུར་སྐྱེལ་སྦྲག་དངོས་སྒམ་10ལྷག་ཙམ་བཅས་ཞིབ་བཤེར་རྩིས་ལེན་བྱས་པ་མ་ཟད། རྫུན་བཟོའི་ཡོ་བྱད་འགའ་ཞིག་ཀྱང་གཞུང་བཞེས་བཏང་བ་རེད།
           ཞིབ་བཤེར་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་གསུམ་གྱིས་2012ལོ་ནས་ད་ལྟ་བར་དུ་མེ་འཁོར་པ་སེ་རྫུན་མ་བཟོས་པ་དང་། QQཁ་བརྡ་དང་མཁོ་རྒྱུ་ཉོ་འཚོང་། མྱུར་སྐྱེལ་སྦྲག་བསྐུར་སོགས་ཀྱི་ཐབས་ལ་བརྟེན་ནས་མེ་འཁོར་པ་སེ་རྫུན་མ་བཙོངས་ནས་ཁེ་བཟང་སྒོར་ཁྲི་90ལྷག་ཙམ་ཐོབ་པའི་ནག་ཉེས་ཀྱི་དོན་དངོས་ངོས་ལེན་བྱས་པ་རེད། ཆ་རྒྱུས་བྱུང་བ་ལྟར་ན། གོང་གསལ་མེ་འཁོར་པ་སེ་རྫུན་མ་དེ་དག་ཚང་མ་འགྲོ་སོང་རྩིས་ཞུའི་ཁོངས་སུ་སྤྱད་ཡོད་པ་རེད།
    ༄༅།།ཝུ་ཧན་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་པ་སེ་རྫུན་མ་བཟོ་འཚོང་བྱེད་གནས་ཤིག་གཏོར་བ།
    ༄༅།།ཝུ་ཧན་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་པ་སེ་རྫུན་མ་བཟོ་འཚོང་བྱེད་གནས་ཤིག་གཏོར་བ།
    ༄༅།།ཝུ་ཧན་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་པ་སེ་རྫུན་མ་བཟོ་འཚོང་བྱེད་གནས་ཤིག་གཏོར་བ།
      

    ཕྱོགས་བསྡུས་གསར་འགྱུར།