འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འོས་སྦྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་23ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་16ཉིན་གྱི་སྔ་དྲོ། ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་དུས་ཡུན་ཉིན་5ཡིན་པའི“ཡུན་ནན་གྱི་ཁྱད་ལྡན་དགུན་དུས་ཞིང་ལས་ཀྱི་ཡིད་དབང་འཕྲོག་ཤུགས”ཞེས་པའི་2016ལོའི་ཡུན་ནན་གྱི་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་(པེ་ཅིང)འགྲེམས་སྟོན་འོས་སྦྱོར་བྱེད་སྒོ་དེ་པེ་ཅིང་དུ་སྤེལ་ཞིང་། ཞིང་ཆེན་ཡོངས་ཀྱི་ཀྲོའུ་དང་གྲོང་ཁྱེར་16གི་ཁེ་ལས་200ལྷག་ཙམ་གྱིས“ཡུན་ནན”རྟགས་ཅན་གྱི་བཟའ་བཅའི་རྒྱུ་ཆ་དང་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་སྣ་ཁ་1000ལྷག་ཙམ་ཁྱེར་ནས་ཡུན་ནན་དགུན་དུས་ཞིང་ལས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཁྱོན་ཡོངས་ནས་ངོམས་ཏེ། ལྗང་མདོག་སྣོད་བཅུད་དང་། བདེ་འཇགས་སྤུས་ལེགས། དུས་བཞིར་དྲི་ཞིམ་འཐུལ་བ་བཅས་ཀྱི་ཡུན་ནན་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་ཀྱི་གཟུགས་བརྙན་དེ་མི་རྣམས་ཀྱི་སེམས་སུ་གཏིང་ཟབ་ཟུག་པ་བྱས་ནས། པེ་ཅིང་དང་ཡུན་ནན་གཉིས་ཀྱི་ཁེ་ལས་དང་ཁེ་ལས་དབར་དང་། ཐོན་སྐྱེད་དང་འཛད་སྤྱོད་དབར། ཐོན་རྫས་དང་ཁྲོམ་རའི་དབར་བཅས་ཀྱི་བར་ཐག་སྔར་བས་ཐུང་དུ་བཏང་སྟེ་ཡུན་ནན་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་པེ་ཅིང་དང་ཡང་ན་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཁྲོམ་རར་ཕྱོགས་པའི་ཟམ་པ་ལྟ་བུ་ཞིག་བཙུགས་པ་རེད།
           སེམས་ཀྱི་ཉི་ཟླ་ས་མཐོའི་སྦི་རག་ཚད་ཡོད་ཀུང་སི་དང་སེམས་ཀྱི་ཉི་ཟླ་ཆང་ལས་མ་རྐང་ཚད་ཡོད་ཀུང་སི་སོགས་ཁེ་ལས་བཅུས་བདེ་ཆེན་ཀྲོའུ་ཡི་ཚབ་ཞུས་ནས་ཐེངས་འདིའི་འོས་སྦྱོར་འགྲེམས་ཚོགས་ལ་ཞུགས་ཤིང་། འགྲེམས་ཚོགས་འགོ་ཚུགས་པའི་ཉིན་དེར་འགྲེམས་ཁང་དུ་མི་མང་པོ་འདུས་ནས་འཁྲུག་ཆ་དོད་པོ་ཡོད་པ་རེད།
           ཟླ་12ཚེས་15ཉིན་གྱི་དགོང་མོ། པེ་ཅིང་ཡུན་ནན་ཐོག་བརྩེགས་ཁང་ཆེན་དུ་འཚོགས་པའི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་(པེ་ཅིང)ཆེད་དོན་འོས་སྦྱོར་འགྲེམས་ཚོགས་ཐོག་ཡུན་ནན་བཟའ་བཅའ་དང་ཟས་ཞིམ་ལས་རིགས་མཐུན་ཚོགས་དང་ཡུན་ནན་ས་སྦོལ་ཚོགས་པས་ཚོགས་ཞུགས་སྐུ་མགྲོན་ལ་ཡུན་ནན་བཟའ་བཅའི་མངོན་མིན་རིག་གནས་འགྲེམས་སྟོན་སོགས་བྱས་པ་མ་ཟད། ད་དུང་ཡུན་ནན་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་ངོམ་པའི་སྣོད་བཅུད་ཟས་ཞིམ་ལེ་ཚན་ཆེ་གྲས་《དྲི་ཞིམ་ཕྱོགས་བཅུར་འཐུལ་》ཞེས་པ་རྒྱལ་ཡོངས་སུ་ཐེངས་དང་པོར་བསྟན་ཅིང་། ལེ་ཚན་དེ་ཡུན་ནན་སྲུང་སྐར་བརྙན་འཕྲིན་བརྒྱུད་ལོ་གཅིག་རིང་ཁྱོན་སྐབས་སྟོན་ཐེངས་52བསྟན་ནས་ཡུན་ནན་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་གང་ལེགས་བྱེད་པ་དང་སྦྲགས་ཡུན་ནན་ཁྱད་ལྡན་ཞིང་ལས་ཀྱི་སྤུས་རྟགས་དང་། ལྗང་མདོག་བདེ་ཐང་ཐོན་ལས་ཀྱི་སྤུས་རྟགས། སྣོད་བཅུད་བཟང་བའི་ཐོན་རྫས་སྤུས་རྟགས་བཅས་དྲིལ་བསྒྲགས་བྱས་ནས“ཡུན་ནན་སྤུས་རྟགས”ཀྱི་ལེགས་ཆ་དང་རིན་ཐང་ཆེ་ཤོས་རྒྱལ་ཡོངས་ཀྱི་ལྟད་མོ་བ་ཚོར་བསྟན་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཀྲོའུ་དང་གྲོང་ཁྱེར་རེ་རེར་སྐར་ཆ་30ཡོད་པའི“གནད་སྨིན་དབུལ་སྐྱོར་ཁྱད་ལྡན་ཞིང་ལས་ཐོན་རྫས”བརྡ་ཆ་རེ་བཟོས་ནས་ས་ཁུལ་དབུལ་པོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དྲིལ་བསྒྲགས་བྱ་རྒྱུ་ཡིན་ཏེ། དྲིལ་བསྒྲགས་ལ་བརྟེན་ནས་ཐོན་ལས་ལ་སྐུལ་འདེད་དང་། ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
          ནས་ཀྱི་སྦི་རག་དང་། ཚགས་ཤ ཉི་ཤར་གྱི་བྱ་ཤ སྦྲང་རྩི། བོད་ཕག་སོགས་བདེ་ཆེན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་པེ་ཅིང་དུ་འགྲེམས་འཚོང་བྱས་པར་རྒྱ་ཆེའི་འཛད་སྤྱོད་པ་དང་ཚོང་པ་ཚོའི་དགའ་བསུ་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།