འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་འདི་ཉིད་ཉིའུ་གཡོད་གྲོང་ཁྱེར་གྱི་འགྲུལ་ཁུངས་རྒྱལ་ཁབ་ཆེ་གྲས་གཉིས་པར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་23ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་19ཉིན་ཨ་རིའི་ཉིའུ་གཡོད་གྲོང་ཁྱེར་སྲིད་གཞུང་གིས་ཉིའུ་གཡོད་གྲོང་ཁྱེར་གྱིས་འདི་ལོ་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་6000ལས་ཐོག་མར་བརྒལ་བ་དང་ཀྲུང་གོ་འདི་ཉིད་ཉིའུ་གཡོད་གྲོང་ཁྱེར་གྱི་འགྲུལ་ཁུངས་རྒྱལ་ཁབ་ཆེ་གྲས་གཉིས་པར་གྱུར་ནས་ལོ་ཧྲིལ་པོར་ཡུལ་སྐོར་བ་འགྲོ་འོང་བྱེད་ཚད་མི་ཐེངས་ཁྲི་བརྒྱ་ཙམ་ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
            ཉིའུ་གཡོད་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞིའི་ཐོག་ནས་མངོན་པར། འདི་ལོའི་ལོ་མཇུག་བར་ཉིའུ་གཡོད་གྲོང་ཁྱེར་གྱིས་སྔོན་དཔག་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་6030ལ་སྣེ་ལེན་ཞུ་ཐུབ་རྒྱུ་ཡིན་པའི་ནང་ས་ཁོངས་ཕྱིའི་ཡུལ་སྐོར་བ་སྔོན་དཔག་བྱས་ན་མི་ཐེངས་ཁྲི་1265ཟིན་ནས་གྲངས་གཞི་གཉིས་ཀས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་དང་། ཀྲུང་གོ་ནས་ཡོང་བའི་ཡུལ་སྐོར་བ་སྔོན་དཔག་བྱས་ན་མི་ཐེངས་ཁྲི་95.8ཙམ་ཟིན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།