འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་འདེམས་མིས་འདེམས་ཤོག་འཕངས་ཏེ་ཐེ་རོན་ཕུ་ཙུང་ཐུང་ལ་དངོས་སུ་བདམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་23ཉིན། 15:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་19ཉིན་ཨ་རིའི་ཀྲོའུ་ཁག་གི་འདེམས་མིས་རང་ཉིད་གནས་སའི་ཀྲོའུ་དང་ཝ་ཧྲིང་ཐོན་དམིགས་བསལ་ཁུལ་དུ་འདེམས་ཤོག་འཕངས་ནས་སྤྱི་མཐུན་ཏང་གི་ཐང་ནཱ་ཏེ·ཐེ་རོན་ཕུ་སྐབས་རྗེས་མའི་ཨ་རིའི་ཙུང་ཐུང་དུ་བདམས་པ་རེད།
         འདེམས་ཤོག་འཕངས་པར་གཞིགས་ན། ཐེ་རོན་ཕུར་ཁྱོན་འདེམས་ཤོག་304ཐོབ་པ་དང་། དམངས་གཙོ་ཏང་གི་ཙུང་ཐུང་གི་བདམ་བྱའི་འོས་མི་ཤི་ལ་ལི·ཁེ་ལུན་ཏུན་ལ་འདེམས་ཤོག་227ཐོབ་པ། དེ་མིན་འདེམས་མི་7གྱིས་མི་གཞན་ལ་འདེམས་ཤོག་འཕངས་ཡོད་པ་རེད།
          ཐེ་རོན་ཕུས་ཉིན་དེ་རང་དུ་སྤྱི་ཚོགས་འབྲེལ་བའི་དྲ་ཚིགས་ཐོག་ཏུ་ང་ཚོ་ལམ་ལྷོངས་བྱུང་སོང་། ང་ལ་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་ད་ལྟ་རང་འདེམས་བསྐོའི་ཐོག་རྒྱལ་ཁ་ཐོབ་སོང་ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།