འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལས་དོན་སྤེལ་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་23ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལས་དོན་སྤེལ་འགོ་འཛུགས་པའི་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལས་དོན་ཚེས་20ཉིན་དངོས་སུ་སྤེལ་འགོ་ཚུགས་པ་རེད།
          མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་དབྱང་རུའུ་ཁུན་གྱིས་ལྟ་ཞིབ་ལས་ཀ་2017ལོའི་ཟླ་དང་པོའི་ཟླ་མཇུག་ཏུ་མཇུག་འགྲིལ་རྒྱུ་ཡིན་པ་དང་། སྐབས་དེ་དུས་གྲོང་ཁྱེར་(ཀྲོའུ)8ཀྱི་ཏང་ཨུད་དང་སྲིད་གཞུང་ལ་ལྟ་ཞིབ་བྱས་ཟིན་པ་བྱ་རྒྱུ་རེད། ལྟ་ཞིབ་བྱེད་རིང་ད་དུང་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ལས་དོན་ཨུ་ལྷན་དང་། རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་། ཁོར་ཡུག་སྲུང་སྐྱོང་ཐིང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་། འགྲིམ་འགྲུལ་ཐིང་། ཆུ་བེད་ཐིང་། ཞིང་འབྲོག་ཐིང་། ནགས་ལས་ཐིང་བཅས་སྣོད་བཅུད་སྲུང་སྐྱོང་གི་འགན་འཁྲི་འཁུར་མཁན་ཞིང་ཆེན་ཐད་གཏོགས་སྡེ་ཚན་8དང་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། མཚོ་ཤར་བཟོ་ལས་གླིང་། ཚྭ་འདམ་གཤོངས་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ། མུ་རི་གཏེར་ཁུལ་བཅས་དང་དེ་བཞིན་གཙོ་གནད་ཁེ་ལས་ཁག་གཅིག་ལ་སྡེབ་གཅིག་ཏུ་ལྟ་ཞིབ་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
          དབྱང་རུའུ་ཁུན་གྱིས“ལྟ་ཞིབ་ནང་དོན་ནང་རྒྱལ་ཁབ་དང་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གནས་ཚུལ་དང་། ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་གནས་ཚུལ། མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་གནད་དོན་སྐོར་གྱི་ཀྲུང་དབྱང་འགོ་ཁྲིད་ཀྱི་མཆན་འགོད་མཛུབ་སྟོན་དོན་འཁྱོལ་གནས་ཚུལ། ཁོར་ཡུག་སྤུས་ཚད་ལེགས་གཏོང་གནས་ཚུལ། མངོན་གསལ་དོད་པའི་གནད་དོན་དང་དེ་དག་དག་ཐེར་དོན་འཁྱོལ་གནས་ཚུལ་བཅས་ཚུད་ཡོད”ཅེས་ངོ་སྤྲོད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།