འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།《བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོའི་》ལག་ཐོགས་ཁ་པར་གྱི་APPབསྒྲགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་23ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ལྷ་ས་སྨན་རྩིས་ཁང་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་རྒྱ་ཆེའི་བོད་ལུགས་གསོ་རིག་མཁས་དབང་ཚོས་བོད་ལུགས་གསོ་རིག་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་སྟབས་བདེ་བསྐྲུན་ནས་བོད་ལུགས་གསོ་རིག་གི་བྱ་གཞག་རྒྱུན་འཛིན་དང་དར་སྤེལ་སྔར་བས་ལེགས་པ་བྱ་ཆེད། རང་སྐྱོང་ལྗོངས་སྨན་རྩིས་ཁང་རྒྱལ་ཁབ་མི་རིགས་གསོ་རིག་ནད་ཐོག་སྨན་བཅོས་ཞིབ་འཇུག་རྟེན་གཞི་དང་ཀྲུང་གོ་གློག་འཕྲིན་ཚོགས་པ་བོད་ལྗོངས་ཡན་ལག་ཀུང་སིས་མཉམ་དུ་《བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོའི་》ལག་ཐོགས་ཁ་པར་གྱི་APPམཉེན་ཆས་(ཚིག་མཛོད)ཞིབ་འཇུག་གསར་སྤེལ་བྱེད་པའི་ལས་དོན་སྤེལ་ཞིང་། མིག་སྔར་འབྲེལ་ཡོད་ལས་དོན་ལེགས་གྲུབ་ཟིན་པས་ལག་ཐོགས་ཁ་པར་གྱི་APPཡང་རིན་མེད་ངང་ཕབ་ཆོག་པ་དང་འབྲེལ་སྤྱོད་ཀྱང་ཆོག་གི་ཡོད་པ་རེད།
           “འདི་ལོ་སྨན་རྩིས་ཁང་བཙུགས་ནས་ལོ་100འཁོར་བའི་ལོ་ཞིག་ཡིན་པས། ང་ཚོས‘གསར་གཏོད་རྒྱུན་འཛིན་དང་འགྲོ་བ་ཀུན་ལ་ཕན་བདེ་བསྐྲུན་རྒྱུ’སྨན་རྩིས་ཁང་གི་རྩ་དོན་དུ་བྱས་ཏེ་ད་ཆ་ལག་ཐོགས་ཁ་པར་གྱི་APPརྣམ་པའི་《བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ་ལྗོངས་སྨན་རྩིས་རིག་མཛོད་ཆེ་མོ་》རིན་མེད་ངང་རྒྱ་ཆེའི་མཁས་དབང་ཚོར་མཁོ་འདོན་བྱ་རྒྱུ་ཡིན་པས་ཚང་མས་ཐུན་མོང་ཐོག་བོད་ལུགས་གསོ་རིག་བྱ་གཞག་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ། གསར་གཏོད། འཕེལ་རྒྱས་བཅས་གཏོང་བའི་བརྗིད་ཆེའི་དམིགས་ཚད་ལ་སླེབས་ཐུབ”ཅེས་དང“ད་ཆ་ལག་ཐོགས་ཁ་པར་གྱི་མཉེན་ཆས་སྤྱོད་དུས་ཧ་ཅང་སྟབས་བདེ་བས་ཚང་མས་ཀྱང་ལག་ཐོགས་ཁ་པར་ལ་བརྟེན་ནས་བྱ་དངོས་ཁག་གཅིག་ལ་ཤེས་རྟོགས་ཡོང་ཐབས་བྱེད་ཀྱི་ཡོད། རྒྱ་ཆེའི་སྤྱོད་མཁན་ཚོས་གལ་སྲིད་དོ་ཁུར་བྱེད་འདོད་ཚེ་རྩ་གཉིས་ཨང་རྟགས་བཤར་འབེབས་བྱས་ཚེ། ཚིག་མཛོད་དེའི་APPབེད་སྤྱོད་བྱེད་ཐུབ”ཅེས་རང་སྐྱོང་ལྗོངས་སྨན་རྩིས་ཁང་རྒྱལ་ཁབ་མི་རིགས་གསོ་རིག་ནད་ཐོག་སྨན་བཅོས་ཞིབ་འཇུག་རྟེན་གཞིའི་གཞུང་ལས་ཁང་གི་ཀྲུའུ་རེན་བུ་ཆུང་ཚེ་རིང་གིས་ངོ་སྤྲོད་བྱས།
           གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། APPདེའི་ནང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ནང་དོན་ཆེ་གྲས་གཉིས་ཚུད་ཅིང་། ཞིབ་པར་དབྱེ་ན། བོད་ལུགས་གསོ་རིག་གྲས་སུ་སྨན་བཅོས་དང་ནད་བརྟག་སྨན་བཅོས་སོགས་ཀྱི་བྱེད་ཐབས་ཚུད་པ་དང་། བོད་སྨན་གྲས་སུ་ཁྲོག་སྨན་དང་སྲོག་ཆགས་ཀྱི་སྨན་སོགས་ཀྱི་མིང་སྒྱུར་སྟངས་ཚུད་ཡོད། “དེ་ནི་ནང་དོན་ཆ་ཚང་བའི་བོད་ལུགས་གསོ་རིག་གི་ཚིག་མཛོད་ཅིག་རེད། དེ་བཟོ་བའི་དམིགས་ཡུལ་ནི་རྒྱ་ཆེའི་བོད་ལུགས་གསོ་རིག་གི་མཁས་དབང་ཚོས་བོད་ལུགས་གསོ་རིག་སློབ་སྦྱོང་དང་ཞིབ་འཇུག་བྱ་རྒྱུར་སྟབས་བདེ་སྐྲུན་ཆེད་ཡིན”ཞེས་བུ་ཆུང་ཚེ་རིང་གིས་བརྗོད་ཅིང་། ཁོང་གིས“མཁས་དབང་ཚོས་ཚིག་མཛོད་ཀྱི་ནང་དོན་དང་མཉེན་ཆས་བཟོ་བའི་ཐད་རྩ་ཆེའི་བསམ་འཆར་དང་གྲོས་འགོ་འདོན་རྒྱུའི་རེ་བ་ཡོད་ལ། ང་ཚོས་ཀྱང་འཕྲལ་མར་གློག་འཕྲིན་གསར་སྤེལ་ཀུང་སི་དང་འབྲེལ་བ་བྱས་ནས་གསར་བརྗེས་ལེགས་བཅོས་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།