འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥི་ཅི་རུ“ཕྱི་ཁོངས་ཀྲུང་གོ་བའི་རོགས་རེས་ལྟེ་གནས”ཐོག་མ་དངོས་སུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་23ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན་ཞི་བདེ་རྒྱ་མཚོ་ཆེ་མོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཧྥི་ཅིའི་སུ་ཝ་རུ་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་རོགས་རེས་ལྟེ་གནས་ཐོག་མ་དངོས་སུ་བཙུགས་ཤིང་། ཧྥི་ཅིའི་ཙུང་ལི་མུའུ་པེ་ཉི་མ་ལ་མཱ་དང་ཧྥི་ཅིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཕིང་དང་དེ་བཞིན་ཡུལ་དེ་གའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་འཐུས་མི་སོགས་མི་བརྒྱ་ལྷག་ཙམ་མཛད་སྒོར་ཞུགས་པ་རེད།
          ཀྲང་ཕིང་གིས་ཤིས་ཚིག་ནང“ཕྱི་ཁོངས་ཀྲུང་གོ་བའི་རོགས་རེས་ལྟེ་གནས”བཙུགས་པ་དེ་ཡུལ་དེ་གའི་ཕྱིར་སྡོད་སྤུན་ཟླ་དང་ཧྥི་ཅིར་ཡོང་བའི་ཀྲུང་གོའི་ཡུལ་སྐོར་བ་དང་དེ་བཞིན་ཧྥི་ཅིར་བཅའ་སྡོད་ཀྲུང་གོའི་ཁེ་ལས་སོགས་ལ་ཞབས་འདེགས་ཞུ་རྒྱུ་མ་ཟད་ད་དུང་ཀྲུང་ཧྥི་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་ཡུལ་གོམས་གཤིས་ལུགས་སྤེལ་རེས་སོགས་ཐད་ནུས་པ་གལ་ཆེན་འདོན་རྒྱུ་རེད་ཅེས་གསུངས་པ་དང་། ཁོང་གིས་ཙུང་ལི་མུའུ་པེ་ཉི་མ་ལ་མཱ་དང་ཧྥི་ཅི་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཡུལ་དེ་གའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིར་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་ཐོག་ནས་ཀྲུང་ཧྥི་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་མོ་མཚོན་ཐུབ་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།