འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐུ་ཚབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཨ་ཧྥུ་ཀ་ནི་སི་ཐན་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུའི་
    འབོད་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་23ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་19ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པ་ཝུའུ་ཧའེ་ཐའོ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་ལ་མཐོང་ཆེན་བྱས་ནས་མུ་མཐུད་ཨ་ཧྥུ་ཀ་ནི་སི་ཐན་ལ་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད།
          ཝུའུ་ཧའེ་ཐའོ་ཡིས་གོང་ཚེས་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་ཐད་འཚོགས་པའི་ཚོགས་འདུའི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་དཔུང་སྡེར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཨ་ཧྥུ་ཀ་ནི་སི་ཐན་གྱི་རང་བརྟེན་འགོག་སྲུང་དང་འཇིགས་རྒོལ་བྱེད་ནུས་ཆེ་རུ་བཏང་ནས་འཇིགས་སྐུལ་རིང་ལུགས་དང་། རྒྱལ་མཚམས་ལས་བརྒལ་བའི་ཉེས་གསོག དུག་རྫས་ལྐོག་འདྲེན་བཅས་ལ་ཁ་གཏད་ནུས་ལྡན་གཅོག་དགོས། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་དེའི་རྒྱལ་ཁབ་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་དང་བདེ་འཇགས་མཉམ་ལས་ལ་མུ་མཐུད་སྐུལ་མ་བཏང་ནས་ས་ཁུལ་དེར་བདེ་འཇགས་ལྡན་པའི་ཁོར་ཡུག་ཅིག་ཐུན་མོང་ཐོག་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“ཨ་ཧྥུ་ཀ་ནི་སི་ཐན་བས་གཙོ་ཁྲིད་བྱེད་པ་དང་། ཨ་ཧྥུ་ཀ་ནི་སི་ཐན་བར་དབང་བའི”བསྟུན་མཁས་རང་བཞིན་གྱི་མཐུན་འགྲིག་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་སྐད་ཆ་ཤོད་རེས་བྱས་ནས་འགལ་བ་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཨ་ཧྥུ་ཀ་ནི་སི་ཐན་དང་། ཕ་ཁི་སི་ཐན། ཀྲུང་གོ ཨ་རི་བཅས་ཕྱོགས་བཞིའི་མཐུན་སྦྱོར་ཚོགས་ཆུང་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མཐུན་འགྲིག་འཕེལ་རིམ་ལ་མུ་མཐུད་སྐུལ་མ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན་ཞེས་བརྗོད་པ་རེད།
          ཝུའུ་ཧའེ་ཐའོ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་པ་དག་དངོས་འབྲེལ་སྒྲུབ་ཐུབ་པ་བྱ་རྒྱུ་མ་ཟད། ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་ཀྱིས་གཏན་འཁེལ་བྱས་པའི་འཕེལ་རྒྱས་འཐབ་ཇུས་དང་ཞིབ་ཕྲའི་དགོས་མཁོ་གཞིར་བཟུང་དམིགས་སའི་རང་བཞིན་ལྡན་པའི་རོགས་རམ་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཅིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས“ཨ་ཧྥུ་ཀ་ནི་སི་ཐན་བས་གཙོ་ཁྲིད་བྱེད་པ་དང་། ཨ་ཧྥུ་ཀ་ནི་སི་ཐན་བར་དབང་བའི”བསྟུན་མཁས་རང་བཞིན་གྱི་མཐུན་འགྲིག་འཕེལ་རིམ་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱས་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་ས་ཁོངས་ཀྱི་འཕེལ་རྒྱས་མཉམ་ལས་ནང་ཞུགས་རྒྱུར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རྒྱབ་སྐྱོར་བྱས་ཏེ་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་དང་《ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན་གྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྱོང་ལ་ཐུན་མོང་ཐོག་སྐུལ་མ་གཏོང་བའི་བསམ་ཤེས་དྲན་ཐོ་》མཉམ་དུ་དོན་འཁྱོལ་བྱེད་པ་དང་རྒྱལ་ཁབ་གཉིས་པོས་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཨ་ཧྥུ་ཀ་ནི་སི་ཐན་སྔ་ཙམ་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་ཆེད་མུ་མཐུད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།