འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་ཟླ་བ་འདིའི་ནང་སྤ་སེ་ལོག་འཚོང་རྒྱག་མཁན་
    230འཛིན་བཟུང་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་23ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ལྕགས་ལམ་སྤྱི་བདེ་ཅུས་ནས་ཤེས་གསལ་ལྟར་ན། ཟླ་བ་12པ་ནས་བཟུང་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ལྕགས་ལམ་གྱི་བདེ་འཇགས་སྤྱི་དང་ལྷག་པར་དུ་མྱུར་བགྲོད་ལྕགས་ལམ་གྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱ་རྒྱུའི་"གནམ་རྒྱ་"ཞེས་པའི་གཡུལ་འགྱེད་དང་། སྤ་སེ་ལོག་འཚོང་རྒྱག་མཁན་ལ་རྡུང་རྡེག་གཏོང་རྒྱུའི་“རྔོན་ཁྲ་”ཞེས་པའི་གཡུལ་འགྱེད། དེ་བཞིན་བདེ་སྐྱོང་སྒྲིག་ལམ་དག་ཐེར་ནན་པོ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་སྟོབས་ཤུགས་ཡོད་ཚད་བཏོན་ནས་ལྕགས་ལམ་ཐོག་སྐྱེལ་འདྲེན་བདེར་བགྲོད་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ་དང་། དཔྱིད་ཀའི་སྐྱེལ་འདྲེན་བདེ་འཇགས་ཡོང་བར་འགན་སྲུང་བྱེད་བཞིན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ལོར་ལྕགས་ལམ་ཐོག་གི་དཔྱིད་ཀའི་སྐྱེལ་འདྲེན་བདེ་འཇགས་དང་། སྒྲིག་ལམ་ལྡན་པ། བྱམས་བརྩེ་ལྡན་པ་བཅས་ཡོང་བའི་སྤྱིའི་དམིགས་ཡུལ་མངོན་འགྱུར་བྱེད་ཆེད། ས་གནས་ཁག་གི་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་བདེ་ཞིབ་ཉེན་བཤེར་ལས་ཀ་བྱེད་ཤུགས་ཆེ་རུ་བཏང་ནས་མེ་འཁོར་འབབ་ཚུགས་སུ་ཡོང་བའི་འགྲུལ་པ་དང་ཁྱེར་བའི་དངོས་རྫས་ལ་བདེ་འཇགས་ཞིབ་བཤེར་"ཡོངས་སུ་ཁྱབ་པ་"ཏན་ཏིག་བྱས་པ་རེད། གཞན་ཡང་ད་དུང་མེ་འཁོར་སྤ་སེ་ལོག་འཚོང་བྱེད་མཁན་ལ་གཅིག་བསྡུས་ཀྱིས་སྐོར་བཅོམ་བྱས་ཏེ་ཕྱོགས་མཐའ་ཀུན་ནས་སྐོར་ཞིབ་དང་དྲ་རྒྱ་ཅན་གྱི་བཀག་སྡོམ་བྱས་པ་རེད། ཟླ་12ཚེས་1ཉིན་ནས་མེ་འཁོར་སྤ་སེ་ལོག་འཚོང་རྒྱག་མཁན་ལ་རྡུང་རྡེག་གཏོང་བའི་“རྔོན་ཁྲ་—2017”ཞེས་པའི་གཡུལ་འགྱེད་སྤེལ་བ་ནས་བཟུང་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་སྤ་སེ་ལོག་འཚོང་རྒྱག་པའི་གྱོད་གཞི་202རྩད་ཆོད་བྱས་པ་དང་། སྤ་སེ་ལོག་འཚོང་རྒྱག་མཁན་230འཛིན་བཟུང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།