འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།“ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་རིམ་ཁག་ནོར་སྲིད་ཀྱིས་དམངས་འཚོར་མ་
    དངུལ་སྒོར་དུང་ཕྱུར་3911བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་20ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་18ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་གསལ། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་རིམ་ཁག་ནོར་སྲིད་ཀྱིས་དམངས་འཚོར་མ་དངུལ་སྒོར་དུང་ཕྱུར་3911བཏང་ནས་ལོར་ཆ་སྙོམས་18%འཕར་ཏེ་སྤྱི་ཚོགས་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་ཐུབ་པ་བྱུང་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱིས་སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་སྐུལ་མ་བཏང་བས་ནད་ཆེན་བོད་དུ་བཅོས་ཐུབ་པ་དང་། ནད་འབྲིང་ས་ཁུལ་དང་གྲོང་ཁྱེར་དུ་བཅོས་ཐུབ་པ། ནད་ཆུང་རྫོང་དང་ཆུས་སུ་བཅོས་ཐུབ་པ་བཅས་རགས་ཙམ་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་རིན་མི་དགོས་པའི་གཟུགས་པོ་བརྟག་དཔྱད་དེ་ཕྱོགས་ཡོངས་ལ་ཁྱབ་པ་དང་། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་ཆག་པ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་5000ལ་སྨན་རིན་མི་དགོས་པར་སྨན་བཅོས་བྱས་པ། མིའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་68ཟིན་པ་བཅས་རེད།
         “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་དུ་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་བྱུང་ནས་2016ལོའི་སྟོན་དུས་ཀྱི་སློབ་དུས་བར་སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་དེ་ལོར་སློབ་མ་རེར་ཆ་སྙོམས་སྒོར་3240བར་མཐོ་རུ་བཏང་བ་དང་དེ་སློབ་ཞུགས་གོང་གི་ལོ་གསུམ་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་ཡིན་པ་རེད། རྫོང་36ལ་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། རྨང་གཞིའི་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་ལ་འཕེལ་རིམ་ཆེན་པོ་བྱུང་བ། སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཕྱོགས་ཡོངས་ནས་འགོ་ཚུགས་པ། ནང་སའི་སློབ་གཉེར་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་བཅས་བྱུང་ཡོད།
         “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་དུ་རིམ་རྩིས་ལྟར་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི་16.9ལས་ཞུགས་གསར་འཕར་ཐུབ་པ་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་467ལས་ཞུགས་གཞན་སྒྱུར་ཐུབ་པ་བྱུང་ཡོད། གཞན་ཡང་གྲོང་མིའི་ཡོང་འབབ་མགྱོགས་མྱུར་འཕར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2010ལོ་ལས་ལྡབ་1.7དང་ལྡབ་2སོ་སོ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།