འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་པེ་ཅིང་གི་S1ལམ་ཐིག་གི་ཁབ་ལེན་འཕྱོ་གཡེང་མེ་འཁོར་ཐོག་མ་སྙོམས་སྒྲིག་
    ཚོད་ལྟ་ལེགས་གྲུབ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་20ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་16ཉིན་ཀྲུང་གོ་འཁོར་རིགས་ཐང་ཧྲན་ཀུང་སིས་ཞིབ་འཇུག་བྱས་ནས་བཟོས་པའི་པེ་ཅིང་གི་S1ལམ་ཐིག་གི“གཡུ་འབྲུག་རྟགས་ཅན”གྱི་མྱུར་ཚད་འབྲིང་དམའི་ཁབ་ལེན་འཕྱོ་གཡེང་མེ་འཁོར་ཐོག་མ་དེ་ཧོ་པེ་ཐང་ཧྲན་དུ་སྙོམས་སྒྲིག་ཚོད་ལྟ་ལེགས་གྲུབ་ཟིན་ནས་པེ་ཅིང་གི་S1ལམ་ཐིག་གི་ཧྲི་མོན་ཡིང་འཁོར་རིགས་དུམ་བུར་དབོར་འདྲེན་བྱ་རྒྱུ་རེད། S1ལམ་ཐིག་ནི་པེ་ཅིང་གྲོང་ཁྱེར་གྱི་ཁབ་ལེན་འཕྱོ་གཡེང་ལམ་ཐིག་ཐོག་མ་དེ་ཡིན་པ་དང་ཚོད་དཔག་བྱས་ན་2017ལོར་ཚོད་ལྟའི་འཁོར་སྐྱོད་བྱས་ནས་ལམ་ཐིག་དང་པོ་དང་དྲུག་པ་སོགས་ས་འོག་ལྕགས་ལམ་དང་གཅིག་འབབ་གཅིག་འཛེག་ཡོང་བ་བྱས་ནས་རྒྱལ་སའི་ནུབ་རྒྱུད་ས་ཁུལ་གྱི་མྱུར་བགྲོད་འགྲིམ་འགྲུལ་གྱི་ཆ་རྐྱེན་འཐུས་སྒོ་ཚང་དུ་བཏང་སྟེ་འགྲུལ་པ་པེ་ཅིང་གི་མོན་ཐོའུ་ཀའུ་ནས་ལྟེ་གནས་ས་ཁོངས་སུ་འགྲོ་འོང་བྱེད་པའི་དུས་ཚོད་ཐུང་དུ་འགྲོ་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།