འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་བརྗེད་དཀའ་བའི་རྒྱལ་སྤྱིའི་ངོ་གདོང་ཁ་ཤས། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་19ཉིན། 16:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།2016ལོའི་བརྗེད་དཀའ་བའི་རྒྱལ་སྤྱིའི་ངོ་གདོང་ཁ་ཤས།
         མི་དམངས་དྲ་བའི་འཕྲིན། འདི་ལོར་"སྲོལ་རྒྱུན་མ་ཡིན་པའི་"ཆབ་སྲིད་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་དར་བ་མཐོང་བ་དང་། ཟིང་འཁྲུག་དང་འཇབ་རྒོལ་གྱིས་བཟོས་པའི་ཉམས་ཆག་ཆེན་པོའི་རྗེས་ཤུལ་མཐོང་ཡོད་ལ། ང་ཚོས་བརྩི་མཐོང་བྱེད་པའི་མི་སྙན་གྲགས་ཅན་ཁ་ཤས་ཉམས་པའང་མཐོང་ཡོད། འདིར་ང་ཚོས་རྒྱལ་སྤྱིའི་མི་གྲགས་ཅན་བཅུ་ལྷག་གི་བརྙན་པར་བདམས་ནས་ཁྱེད་དང་མཉམ་དུ་འདི་ལོའི་རྒྱལ་སྤྱིའི་གནས་ཚུལ་ལ་ཕྱི་མིག་ལྟ་རྒྱུ་ཡིན།
         ཟླ་11ཚེས་8ཉིན་ཨ་རིའི་ཙུང་ཐུང་འདེམས་བསྐོ་བྱེད་སྐབས་སྤྱི་མཐུན་ཏང་གི་ཙུང་ཐུང་བདམ་བྱའི་འོས་མི་ཏོན་ནཱ་ཏི་•ཐི་རོམ་ཕུ་ཡིས་དམངས་གཙོའི་ཏང་གི་ཙུང་ཐུང་བདམ་བྱའི་འོས་མི་ཞི་ལ་ལི་•ཁེ་ལིན་ཏོན་ལས་རྒྱལ་ཏེ་ཨ་མེ་རི་ཁའི་སྐབས་གསར་པའི་ཙུང་ཐུང་ལ་བདམས་ཐོན་བྱུང་བ་རེད། ཨ་རིའི་སྨྱན་སྦྱོར་ལས་ཁུངས་ཀྱིས་ཐེངས་འདིའི་འདེམས་བསྐོ་ནི་ད་ལྟའི་བར་གྱི་"ཆེས་སྐྱུར་བྲོ་ཞིང་ཁ་ཕྲལ་བའི"འདེམས་བསྐོ་ཆེན་པོ་ཞིག་ཡིན་བཤད་པ་དང་། འདེམས་བསྐོ་བྱེད་རིང་དམར་རྗེན་དུ་བཏོན་པའི་ཨ་རིའི་སྤྱི་ཚོགས་ཀྱི་འགལ་བ་སྔར་བཞིན་གནས་ཡོད་ཅིང་། འདེམས་དམངས་རྣམས་མགོ་འཐོམས་པ་ད་དུང་གསལ་དྭངས་བྱུང་མེད་པ་དང་། གཏིང་རིམ་དུ་གནས་པའི་གནད་དོན་འབུར་དུ་མངོན་ཡོད་པ་རེད། 
    【1】  【2】  【3】  【4】  【5】  【6】  
      

    ཕྱོགས་བསྡུས་གསར་འགྱུར།