འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ནད་པ་ཡོད་པའི་མྱུར་སྐྱོབ་རླངས་འཁོར་ཞིག་མྱུར་བགྲོད་གཞུང་ལམ་གྱི་རིན་བསྡུའི་ས་ཚིགས་
    ནས་བཀག་སྟེ་སྐར་མ་12འགོར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་19ཉིན། 15:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་དུས། སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་ཅ་ཅང་རྫོང་དུ། ནད་པ་ཡོད་པའི་མྱུར་སྐྱོབ་རླངས་འཁོར་ཞིག་མྱུར་བགྲོད་གཞུང་ལམ་གྱི་རིན་བསྡུའི་ས་ཚིགས་ནས་བཀག་པ་དང་། མྱུར་སྐྱོབ་རླངས་འཁོར་གྱི་ཁ་ལོ་བ་དང་རིན་བསྡུའི་ས་ཚིགས་ཀྱི་རིན་བསྡུ་མཁན་གཉིས་པོ་མྱུར་སྐྱོབ་རླངས་འཁོར་གྱིས་རིན་པ་སྤྲོད་དགོས་མིན་སྐོར་རྩོད་གླེང་བྱུང་བས། མྱུར་སྐྱོབ་རླངས་འཁོར་སྐར་མ་24རིང་ལ་སྡོད་དགོས་བྱུང་བ་རེད།
         ལྟ་སྐུལ་ཚོད་འཛིན་གྱི་བརྙན་ལམ་ནས་མཐོང་བ་ལྟར་ན། མཇུག་མཐར་མྱུར་སྐྱོབ་རླངས་འཁོར་ཐོག་གི་ནད་པའི་ནང་མིས་ལམ་བགྲོད་རིན་པ་སྒོར་12སྤྲད་རྗེས། རིན་བསྡུའི་ས་ཚིགས་ཀྱི་བཀག་དབྱུག་བཀྱགས་ནས་བཏང་བ་རེད།
         གནས་ཚུལ་འདིའི་སྐོར་ལ། མྱུར་སྐྱོབ་རླངས་འཁོར་ཁོངས་གཏོགས་སྨན་ཁང་གི་འགན་ཁུར་བས་མྱུར་སྐྱོབ་རླངས་འཁོར་བསྡད་དེ་རིན་བསྡུའི་ས་ཚིགས་དང་རྩོད་གླེང་བྱས་པ་དངོས་གནས་མི་འཚམས་པ་རེད། སྨན་ཁང་གིས་ཁ་ལོ་བར་སྐབས་ཐོག་ཏུ་སྐྱོན་བརྗོད་སློབ་གསོ་བཏང་ཡོད་ཅེས་བསྟན་པ་རེད། འགན་ཁུར་བ་དེས་མྱུར་སྐྱོབ་རླངས་འཁོར་གྱི་འགན་ནི་ཛ་དྲག་ཆེ་བའི་ནད་པའི་སྲོག་སྐྱོབ་རྒྱུ་དེ་ཡིན་པ་དང་། ཀུན་ཕན་རང་བཞིན་ཧ་ཅང་ཆེན་པོ་ལྡན་པས། རིན་མེད་ངང་བགྲོད་ཆོག་པར་བྱས་ཏེ་ཚེ་སྲོག་སྐྱོབ་པའི་དུས་ཚོད་བརྩོན་ལེན་བྱེད་དགོས་པ་འདུག་ཅེས་རེ་སྐུལ་བྱས་པ་རེད།
          རྒྱུས་ལོན་བྱུང་བ་ལྟར་ན། 《གཞུང་ལམ་ཁྲིམས་ལུགས་》དང་《རིན་བསྡུའི་གཞུང་ལམ་དོ་དམ་སྲོལ་ཡིག་》སོགས་ཀྱི་གཏན་འབེབས་ལ་གཞིགས་ན། རླངས་འཁོར་རིགས་དྲུག་ལ་ཁྲིམས་ལྟར་རིན་བསྡུའི་གཞུང་ལམ་གྱི་རླངས་འཁོར་བགྲོད་སྐྱོད་བྱེད་སྐབས་རིན་པ་ཆག་ཡང་དང་རྩ་ཆག་བཏང་ནས་བགྲོད་ཆོག་པའི་གཟིགས་སྐྱོང་བྱས་ཡོད་མོད། འོན་ཀྱང་། དེའི་ཁྲོད་ན་120མྱུར་སྐྱོབ་རླངས་འཁོར་ཚུད་མེད་པ་རེད། དོན་འབྲེལ་རིན་བསྡུའི་ས་ཚིགས་ཀྱི་འགན་ཁུར་པས་བསྟན་པར་གཞིགས་ན། རིན་བསྡུའི་ས་ཚིགས་ཀྱིས་ཉེན་ཆེའི་ནད་པ་བཅུག་པའི་མྱུར་སྐྱོབ་རླངས་འཁོར་ལ་སྲོག་ཉེན་གྱི་གནས་ཚུལ་ལ་གཞིགས་ནས་ལྗང་མདོག་བགྲོད་ལམ་ཕྱེ་ཆོག་པ་མ་ཟད། རིན་མེད་ངང་བགྲོད་སྐྱོད་བྱས་ཆོག་ཅེས་བསྟན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།