འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ལེ་པ་ནོན་གྱིས"འདག་རྫས་ཀྱི་རྟེན་འབྲེལ་ལྗོན་ཤིང"བཟོས་པ།

    ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་རེ་ཞུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་17ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ལེ་པ་ནོན་བྱང་རྒྱུད་གྲོང་ཁྱེར་ལེ་པོ་ལིས་བཟོ་བཞིན་ཡོད་པའི་ཡེ་ཤུའེ་འཁྲུངས་སྐར་གྱི་རྟེན་འབྲེལ་ལྗོན་ཤིང་དེ་ནི་འཛམ་གླིང་ཐོག་གི་ཆེ་ཤོས་དང་ཁོར་ཡུག་སྲུང་སྐྱོང་ཡག་ཤོས་ཀྱི“འདག་རྫས་ཀྱི་རྟེན་འབྲེལ་ཞུ་བའི་ལྗོན་ཤིང”ཞིག་ཡིན་པ་མ་ཟད། དེ་ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་རེ་ཞུ་ཡང་བྱས་པ་རེད།
        ཁེ་ལས་ཀྱི་འགན་ཁུར་བ་པཱ་ཏེའར·ཧཱ་སུའུ་ཨེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཡེ་ཤུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་ལྗོན་ཤིང་དེ་བཟོ་བའི་གྲ་སྒྲིག་ལས་དོན་དེ་ཟླ་བ་གཉིས་ཀྱི་གོང་ནས་འགོ་བཙུགས་པ་དང་། སྐྱུ་རུའི་སྣུམ་དང་རྩི་ཤིང་སོགས་ཀྱི་རྒྱུ་ཆ་སྤྱད་ནས་བཟོས་པའི་ལྗིད་ཚད་སྤྱི་རྒྱ་1200ཙམ་ཡོད་པའི་འདག་རྫས་ཀྱི་ཡེ་ཤུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་ལྗོན་ཤིང་དེར་གྲོན་དངུལ་ཨ་སྒོར་ཁྲི2(ཧ་ལམ་མི་དམངས་ཤོག་སྒོར་ཁྲི་13དང་མཚུངས་པ་)བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།