འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་སི་ཕེན་གྱི་ཉེན་རྟོག་པས་མཉམ་དུ་གློག་འཕྲིན་ཁ་བསླུས་བྱ་བར་རྡུང་རྡེག་
    བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་17ཉིན། 12:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མ་ཏེ་རི་ནས་ཟླ་12ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་ཀྱི་ཉེན་རྟོག་པས་སི་ཕེན་གྱི་ས་ཆ་མང་པོར་སྔོག་བཤེར་འཛིན་བཟུང་གི་མཉམ་འབྲེལ་བྱ་སྤྱོད་སྤེལ་ནས་ཀྲུང་གོའི་ནང་སར་དམིགས་པའི་གློག་འཕྲིན་ཁ་བསླུས་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་བཏང་བ་དང་ཉེས་གསོག་དོགས་ཅན་མང་པོ་བཟུང་བའི་ནང་ཕལ་ཆེ་བ་ཀྲུང་གོའི་ཐའེ་དབན་ས་ཁུལ་ནས་ཡིན་པ་རེད།
        བྱ་སྤྱོད་དེ་སི་ཕེན་རྒྱལ་ཁབ་ཁྲིམས་ཁང་གི་ཁྲིམས་ར་དང་པོའི་ཁྲིམས་དཔོན་ཧྲེང་ཏི་ཡ་ཀོ·ཕེ་ཏེ་ལ་སིས་བསྒྲགས་པའི་འཛིན་བཟུང་བཀའ་རྒྱ་ལྟར་མ་ཏེ་རི་དང་། པ་སའེ་ལུའོ་ན། ཨ་ལ་ཁན་ཐེ་སོགས་ལ་བྱ་སྤྱོད་སྤེལ་ཡོད།
        སི་ཕེན་དུ་བཅའ་སྡོད་ཀྲུང་གོའི་ཁྲིམས་རྩོད་པའི་ལས་དོན་ཁང་གི་འགན་འཁུར་བ་ཅིས་དབྱི་ཧུང་གིས། འདི་ནི་ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉིས་ཀྱི་ཉེན་རྟོག་པས་མཉམ་དུ་གློག་འཕྲིན་ཁ་བསླུས་སོགས་ཀྱི་སྒྲིག་འཛུགས་ཉེས་གསོག་ལ་གཞི་ཁྱོན་ཆེན་པོས་རྡུང་རྡེག་གཏོང་བའི་བྱ་སྤྱོད་སྤེལ་ཐེངས་དང་པོ་རེད་ཅེས་བཤད།
        2016ལོ་ནས་ཀྲུང་གོའི་ཉེན་རྟོག་པར་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞིའི་སྐོར་གྱི་སྙན་སེང་མང་པོ་འབྱོར་པ་དང་། རིགས་གཅིག་མཁས་པས་དེ་འབྲེལ་IPདྲ་གནས་ཐོག་གི་ས་གནས་ལ་གཞིགས་ནས་དབྱེ་ཞིབ་བྱས་པ་བརྒྱུད་ཁ་བསླུས་ཆ་འཕྲིན་ཁག་གཅིག་སི་ཕེན་ནས་བཏང་བ་ཐག་བཅད་པ་དང་རིམ་བཞིན་སི་ཕེན་གྱི་ཉེན་རྟོག་པ་དང་མཉམ་དུ་བརྟག་དཔྱད་བྱེད་འགོ་བརྩམས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་སྲིད་གཞུང་གིས་སི་ཕེན་སྲིད་གཞུང་ལ་ཉེས་གསོག་དོགས་ཅན་དེ་དག་ཀྲུང་གོར་རྫོང་སྐྱེལ་བྱེད་པའི་འདུན་ཞུ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།