འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ནུས་རྒྱུ་གསར་པ་དང་འཚོ་བ་གསར་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་09ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ནུས་རྒྱུ་གསར་པ་དང་འཚོ་བ་གསར་པ།
          མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ནི་འཛམ་གླིང་ཡོངས་སུ་ཉི་མའི་རྩིབས་འཕྲོ་ཆེས་ཆེ་བའི་ས་ཁུལ་ཞིག་ཡིན་པས་ཉི་ནུས་ཐོན་ཁུངས་གྱ་ནོམ་པ་ཐུན་མོང་མ་ཡིན་པ་ལྡན་པ་ཞིག་ཡིན། བོད་ལྗོངས་ཀྱིས་ལྗང་མདོག་ཐཱན་ཉུང་དང་། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་ཤུགས་ཆེན་གཏོང་གི་ཡོད་ཅིང་། དེང་སྐབས་ནུས་རྒྱུ་གསར་པའི་གླ་གཏོང་རླངས་འཁོར་དང་། ཉི་གློག་ལམ་སྒྲོན། འོད་ཤུགས་གློག་འདོན་བཅས་མཚོ་བོད་མཐོ་སྒང་དུ་གསར་གཏོད་བེད་སྤྱོད་གང་ལེགས་བྱེད་ཀྱི་ཡོད་པ་དེ་མཚོ་བོད་མཐོ་སྒང་གི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོང་དང་ནུས་རྒྱུ་གྲོན་ཆུང་ལ་རིན་ཐང་གལ་ཆེན་ལྡན་པ་རེད། འདི་ནི་ལྷ་ས་གྲོང་ཁྱེར་གྱིས་ནང་འདྲེན་བྱས་པའི་ནུས་རྒྱུ་གསར་པའི་གླ་གཏོང་རླངས་འཁོར་ཡིན་པ་རེད།
    ཆུ་ཤུར་རྫོང་དུ་བསྐྲུན་པའི་བོད་ལྗོངས་ནུས་རྒྱུ་གསར་པའི་འོད་ཤུགས་གློག་འདོན་ས་ཚིགས།
    ཆུ་ཤུར་རྫོང་དུ་བསྐྲུན་པའི་བོད་ལྗོངས་ནུས་རྒྱུ་གསར་པའི་འོད་ཤུགས་གློག་འདོན་ས་ཚིགས།
    ལྷ་ས་གྲོང་ཁྱེར་གྱི་རྔ་ཆེན་ཟམ་ཆེན་དུ་སྒྲིག་སྦྱོར་བྱས་པའི་ཉི་ནུས་ནུས་སྲི་གློག་སྒྲོན།
    ལྷ་ས་གྲོང་ཁྱེར་གྱི་རྔ་ཆེན་ཟམ་ཆེན་དུ་སྒྲིག་སྦྱོར་བྱས་པའི་ཉི་ནུས་ནུས་སྲི་གློག་སྒྲོན།
      

    ཕྱོགས་བསྡུས་གསར་འགྱུར།