འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཁྭ་ཏོར་དུ་ཡོད་པའི་ཀྲུང་གོའི་མ་འཇོག་ཀུང་སི་ཞིག་གི་གཏེར་རིའི་སྒར་སར་འཇབ་
    རྒོལ་ཕོག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་17ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཨེ་ཁྭ་ཏོར་གྱི་ཤར་ལྷོའི་མཚམས་སུ་ཡོད་པའི་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཐུང་ཀོན་མ་འཇོག་ཀུང་སིའི་ཟངས་གཏེར་སྒར་ས་ཞིག་ལ་ཚེས་14ཉིན་ཡུལ་དེ་རང་གི་སྡོད་མིའི་འཇབ་རྒོལ་ཕོག་ཅིང་། དེའི་རིང་ཉེན་རྟོག་པ་གཅིག་རྐྱེན་ལམ་དུ་ཤོར་བ་དང་ཉེན་རྟོག་པ་དང་དམག་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད། ཡིན་ནའང་སྒར་སའི་ནང་ཀྲུང་གོ་ཕྱོགས་ཀྱི་མི་གཅིག་ཀྱང་མེད་པ་རེད།
        ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན་ཨེ་ཁྭ་ཏོར་གྱི་ཤར་ལྷོའི་མཚམས་ཀྱི་མའོ་ལུའོ་ན-ཧྲེང་ཏི་ཡ་ཀོ་ཞིང་ཆེན་ཁོངས་ཡོད་པའི་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཐུང་ཀོན་མ་འཇོག་ཀུང་སིའི་ཟངས་གཏེར་སྒར་སར་ས་གནས་དེ་རང་གི་སྡོད་མིས་བསྐོར་རྡུང་བཏང་བ་རེད། གདོང་ཐུག་ཁྲོད་དུ་ས་གནས་དེ་གའི་མང་ཚོགས་ཀྱིས་སྒྲིག་ལམ་སྲུང་བཞིན་པའི་ཉེན་རྟོག་པ་དང་དམག་མིར་མེ་མདའ་བརྒྱབ་པས་ཉེན་རྟོག་པ་དང་དམག་མི་མང་པོ་ཞིག་ལ་མདེའུ་ཕོག་པའི་ནང་ཉེན་རྟོག་པ་གཅིག་སྨན་ཁང་དུ་བསྐྱལ་རྗེས་གྲོངས་པ་རེད།
        གནས་ཚུལ་སྤེལ་བར་གཞིགས་ན། ཀུང་སི་དེ་གའི་ཀྲུང་གོ་ཕྱོགས་ཀྱི་འགན་འཁུར་བ་ཞིག་གིས་སྒར་སར་ཀྲུང་གོ་ཕྱོགས་ཀྱི་མི་གཅིག་ཀྱང་མེད་ཅེས་བཤད་པ་རེད། མིག་སྔར་སྒར་སར་ལས་བྱར་སྡོད་མཁན་ཨེ་ཁྭ་ཏོར་གྱི་ལས་མི་80ལྷག་ཙམ་ས་གནས་དེ་གའི་ཉེན་རྟོག་པའི་སྲུང་སྐྱོབ་འོག་བདེ་འཇགས་ངང་ཕྱིར་འཐེན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།