འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གིས་ཨ་ལེ་ཕོའི་དམག་འཁྲུག་སླད་ཕྱིན་གྱི་ཉིན་གཉིས་གསུམ་
    ནང་མཇུག་འགྲིལ་རྒྱུའི་རེ་བ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་17ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གིས་ཨ་ལེ་ཕོའི་དམག་འཁྲུག་སླད་ཕྱིན་གྱི་ཉིན་གཉིས་གསུམ་
ནང་མཇུག་འགྲིལ་རྒྱུའི་རེ་བ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཕུའུ་ལུའོ་ཕུས་ཨུ་རུ་སུ་ཕྱོགས་ཀྱིས་སི་རི་ཡའི་ཨ་ལེ་ཕོའི་དམག་འཁྲུག་སླད་ཕྱིན་གྱི་ཉིན་གཉིས་གསུམ་ནང་མཇུག་འགྲིལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ་ཨུ་རུ་སུས་ཨ་ལེ་ཕོར་མི་སེར་དང་དྲག་ཆས་ཤོག་ཁག་ལ་མི་ཆོས་རིང་ལུགས་ཀྱི་བགྲོད་ལམ་དང་ཕྱིར་འཐེན་བགྲོད་ལམ་སོ་སོར་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།
         ཨུ་རུ་སུའི་ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དེ་ཉིན་ལ་ཕུའུ་ལུའོ་ཕུས་མོ་སི་ཁོར་བཞུགས་མོལ་ཚོགས་འདུར་ཞུགས་སྐབས། ཨུ་རུ་སུ་ཕྱོགས་ཀྱིས་ཨ་ལེ་ཕོའི་དམག་འཁྲུག་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པས་སླད་ཕྱིན་གྱི་ཉིན་གཉིས་གསུམ་ནང་ཨ་ལེ་ཕོའི་ཤར་རྒྱུད་ས་ཁུལ་ཚུར་ལེན་རྒྱུའི་རེ་བ་ཡོད་ཅེས་གསུངས།
         ཤིན་ཧྭ་གསར་འགྱུར་ཁང་མོ་སི་ཁོ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་14ཉིན་སི་རི་ཡའི་ཙུང་ཐུང་པ་ཧྲའར·ཨ་ས་ཏེས་དེང་གི་ཨུ་རུ་སའི་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། སི་རི་ཡའི་སྲིད་གཞུང་གིས་ཨ་ལེ་ཕོ་ཚུར་ལེན་རྒྱུ་ཡིན་པ་དེ་ཐོག་ནས་འཇིགས་རྒོལ་པ་ཕམ་པ་མཚོན་ཐུབ་ལ་ཨ་རི་དང་དབྱིན་ཇི་སོགས“ལྐོག་ཇུས་འདོན་མཁན”ཡང་ཤུགས་ཀྱིས་ཕམ་པ་མཚོན་ཐུབ་ཅེས་བཤད།
         པ་ཧྲའར་གྱིས་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཨ་ལེ་ཕོ་ནི་སི་རི་ཡའི་གྲོང་ཁྱེར་ཆེ་གྲས་གཉིས་པ་དེ་ཡིན་པས་ཆབ་སྲིད་དང་། དམག་དོན། དཔལ་འབྱོར་བཅས་དང་མཚོན་བྱེད་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། སི་རི་ཡར་ལོ་6དམག་བརྒྱབ་པ་དང་ལོ་དང་པོ་ནས་གསུམ་པའི་བར། ནུབ་ཕྱོགས་ཀྱི་ཆབ་སྲིད་པ་དང་སྨྱན་སྦྱོར་གྱིས་ཏ་མ་སི་ཁུ་སྲིད་གཞུང་དམག་གི་ལག་ནས“བཅིངས་འགྲོལ”བཏང་ཡོད་ཆེས་འུད་སྒྲོག་བྱས་ཡོད། འོན་ཀྱང་ཁོང་ཚོ་ཕམ་ཉེས་བྱུང་རྗེས་དམིགས་ཚད་ཀྱང་ཆུང་དུ་ཕྱིན་ཡོད། ད་ཆ་ཨ་ལེ་ཕོ་ནི་ཁོང་ཚོའི་མཐའ་མའི་རེ་བ་དེ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།