འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་ཡུལ་དེ་རང་དུ་རྩིས་རྒྱག་འགོ་
    ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་17ཉིན། 12:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་15ཉིན། མི་སེར་ཡུལ་གཞན་དུ་སྨན་བཅོས་བྱེད་སྐབས་གང་སར་སྨན་རིན་རྩིས་ཞུ་བྱེད་པར་འགྲོ་དགོས་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ཉེ་ཆར་མི་ཤུགས་སྤྱི་ཚོགས་པུའུ་དང་ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་《གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་བསྡད་པའི་སྨན་རིན་ཐད་ཀར་ཡུལ་དེ་རང་རྩིས་རྒྱག་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི་》ནང་། འདི་ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་དྲ་སྦྲེལ་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ་དང་། ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་བཀོད་སྒྲིག་བྱས་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་སྨན་ཁང་དུ་བསྡད་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པའི་ལས་དོན་སྤེལ་འགོ་ཚུགས་པ་དང་། 2017ལོར་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་བཀོད་སྒྲིག་བྱས་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་སྨན་ཁང་དུ་བསྡད་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པའི་གནད་དོན་རིམ་བཞིན་ཐག་གཅོད་བྱས་ཏེ། ལོ་མཇུག་ཏུ་སྨན་ཁང་གཞན་དུ་བསྒྱུར་བའི་གཏན་འབེབས་དང་འཚམ་པའི་ནད་པའི་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་བསྡད་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པའི་བར་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད། ས་གནས་དེའི་ཐེམ་ཐོ་དང་གནས་སྡོད་ལག་ཁྱེར་ལམ་ལུགས་སྒྱུར་བཅོས་དང་ཟུང་འབྲེལ་བྱས་ཏེ་ཡུལ་གཞན་དུ་ཡུན་རིང་བསྡད་པའི་མི་དང་ཡུལ་གཞན་དུ་ཡུན་རིང་བསྡད་དེ་ལས་ཀ་བྱེད་མཁན་དག་ཀྱང་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་བསྡད་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པའི་ཁྱབ་ཁོངས་ནང་རིམ་བཞིན་འཇུག་རྒྱུ་གསལ་པོ་འཁོད་ཡོད།
        ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པའི་གཞི་རྩའི་རྩ་དོན་ནི་ཚད་དང་ལྡན་ལ་མགྱོགས་པ་དང་། རིམ་པས་འཐུས་ཚང་། སྨན་བཅོས་ཚགས་ཚུད། གཅིག་གྱུར་དོ་དམ་བཅས་ཡིན་པ་དང་། སླད་ཕྱིན་འགན་བཅོལ་ནང་ཞུགས་མཁན་གྱིས་གཏན་འབེབས་གཞིར་བཟུང་མི་སྒེར་གྱིས་འགན་འཁུར་དགོས་པའི་སྨན་ཁང་དུ་སྡོད་པའི་སྨན་བཅོས་རིན་པ་སྤྲད་ན་འགྲིག་གི་ཡོད་པ་དང་། སྨན་རིན་གཞན་དག་ཚང་མ་སྨན་བཅོས་བྱེད་སའི་ཚབ་གཉེར་སྒྲིག་གཞི་དང་དམིགས་འཛུགས་ཀྱི་སྨན་བཅོས་སྒྲིག་གཞིས་གྲོས་མཐུན་ཁ་ཆད་ལྟར་ཞིབ་དཔྱད་བྱས་རྗེས་སྤྲོད་རྒྱུ་རེད། སྔོན་ལ་ཞིང་ཆེན་ནང་ཁུལ་དང་མཇུག་ཏུ་ཞིང་ཆེན་སྒྲོལ་བ་དང་། སྔོན་ལ་སྨན་ཁང་དུ་སྡོད་པ་དང་མཇུག་ཏུ་སྨན་བཅོས་བྱེད་པ། སྔོན་ལ་ཡུལ་གཞན་དུ་བཀོད་སྒྲིག་བྱེད་པ་དང་མཇུག་ཏུ་སྨན་ཁང་བསྒྱུར་བ། སྔོན་ལ་གཞི་རྩའི་སྨན་བཅོས་དང་མཇུག་ཏུ་འགན་བཅོལ་ཁ་གསབ་བཅས་མཐའ་འཁྱོངས་ཀྱིས། ས་གནས་ཁག་གི་ཆ་འཕྲིན་མ་ལག་འཛུགས་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཡུལ་གཞན་དུ་སྨན་བཅོས་གཅིག་སྡུད་ཀྱི་ས་ཁུལ་དང་སྔོན་ལ་འབྲེལ་གཏུག་བྱས་ཏེ་ཕྱོགས་ཡོངས་ནས་ཐད་ཀར་རྩིས་རྒྱག་གི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱ་རྒྱུ་དང་། ཟུང་འབྲེལ་དང་། རིམ་དབྱེའི་སྨན་བཅོས་ལམ་ལུགས་ལ་སྐུལ་འདེད་གཏོང་རྒྱུ། ཟུང་འབྲེལ། ལུགས་དང་མཐུན་པའི་སྨན་ཁང་བསྒྱུར་ནས་སྨན་བཅོས་བྱེད་པའི་ལམ་ལུགས་འཛུགས་པ་བཅས་མཐའ་འཁྱོངས་ཀྱིས། འགན་བཅོལ་ནང་ཞུགས་མཁན་གོ་རིམ་དང་ལྡན་པའི་སྒོ་ནས་སྨན་བཅོས་བྱ་རྒྱུར་ཁྲིད་སྟོན་བྱེད་པ། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྲིད་ཇུས་དང་། བརྒྱུད་རིམ། རྩིས་རྒྱག་སྟངས་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་བཅས་མཐའ་འཁྱོངས་ཀྱིས། ཡུལ་གཞན་དུ་སྨན་བཅོས་བྱ་རྒྱུ་དེ་སྨན་བཅོས་བྱ་ཡུལ་གྱི་ཚབ་གཉེར་སྒྲིག་གཞི་དང་དམིགས་འཛུགས་ཀྱི་སྨན་བཅོས་སྒྲིག་གཞིའི་གྲོས་མོལ་དང་། བསྡོམས་འབོར་ཚོད་འཛིན། རིག་ནུས་ལྟ་སྐུལ་ཚོད་འཛིན། སྨན་བཅོས་འགན་བཅོལ་དང་སྨན་པར་དོ་དམ། སྨན་བཅོས་ཞབས་ཞུའི་སྤུས་ཚད་ལྟ་སྐུལ་སོགས་དོ་དམ་ཞབས་ཞུའི་ཁྱབ་ཁོངས་ནང་གཅིག་གྱུར་ངང་འཇུག་རྒྱུ་བཅས་རེད།
         ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པར་བརྒྱུད་རིམ་ཇི་འདྲ་ཞིག་སྤྱོད་རྒྱུ་ཡིན་ནམ། 《བརྡ་ཐོའི་》ནང་སྨན་ཁང་བསྒྱུར་རྒྱུའི་ཐད་འགན་བཅོལ་ནང་ཞུགས་མཁན་གྱིས་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་མ་བྱས་གོང་འགན་བཅོལ་ནང་ཞུགས་སའི་ཚབ་གཉེར་སྒྲིག་གཞིར་བསྐྱོད་ནས་ཐོ་འགོད་བྱེད་དགོས། འགན་བཅོལ་ནང་ཞུགས་སའི་ཚབ་གཉེར་སྒྲིག་གཞིས་ས་གནས་དེ་གའི་གཏན་འབེབས་ལྟར་འགན་བཅོལ་ནང་ཞུགས་མཁན་ལ་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་སྙན་སེང་གི་འགྲོ་ལུགས་གཉེར་དགོས་པ་དང་། ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་སྙན་སེང་མི་སྣའི་ཆ་འཕྲིན་མཛོད་འཛུགས་དགོས་པ་དང་འབྲེལ་འགུལ་རྣམ་དོ་དམ་བྱེད་དགོས། འགན་བཅོལ་ནང་ཞུགས་སའི་ཚབ་གཉེར་སྒྲིག་གཞིས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་འགྲོ་མཁན་ནད་པའི་ཆ་འཕྲིན་མི་ཤུགས་སྤྱི་ཚོགས་པུའི་སྤྱི་ཚོགས་འགན་བཅོལ་ཚབ་གཉེར་སྒྲིག་གཞིར་སྙན་སེང་ཞུས་ཏེ། རྒྱལ་ཡོངས་སུ་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་སྙན་སེང་མི་སྣའི་ཆ་འཕྲིན་མཛོད་ཆགས་པ་བྱས་ཏེ། སྨན་བཅོས་བྱ་ཡུལ་ལ་ཆ་འཕྲིན་མཁོ་འདོན་བྱེད་དགོས། རྩིས་རྒྱག་ཐད་འགན་བཅོལ་ནང་ཞུགས་མཁན་གྱིས་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་ནས་དོན་པའི་སྨན་རིན་རྩིས་རྒྱག་སྐབས་སྨན་བཅོས་བྱ་ཡུལ་གྱི་ཚབ་གཉེར་སྒྲིག་གཞིས་རྒྱལ་ཡོངས་གཅིག་གྱུར་གྱི་སྨན་རིན་གསལ་ཐོ་ལྟར་ཡུལ་གཞན་དུ་སྨན་བཅོས་བྱེད་མཁན་ནད་པའི་སྨན་ཁང་དུ་བསྡད་པའི་སྨན་རིན་སོགས་ཀྱི་ཆ་འཕྲིན་རྒྱལ་ཁབ་ཀྱི་ཡུལ་གཞན་དུ་སྨན་བཅོས་རྩིས་རྒྱག་གི་མ་ལག་བརྒྱུད། དུས་ཐོག་ཏུ་འགན་བཅོལ་ནང་ཞུགས་སའི་ཚབ་གཉེར་སྒྲིག་གཞིར་སྐྱེལ་དགོས་པ་དང་འགན་བཅོལ་ནང་ཞུགས་སའི་ཚབ་གཉེར་སྒྲིག་གཞིས་སྨན་རིན་མང་གྲས་རྩིས་རྒྱག་གཞིར་བཟུང་ས་གནས་དེ་གའི་གཏན་འབེབས་ལྟར་རྩིས་རྒྱག་དགོས་པ་གསལ་པོ་འཁོད་ཡོད།
         《བརྡ་ཐོའི་》ནང་ད་དུང་ཞིང་ཆེན་སྒྲོལ་ནས་ཕྱོགས་བསྡུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱུ་རྐྱེན་མེད་པར་གཏོང་སྤྲོད་ཀྱི་མ་དངུལ་ནར་འགྱངས་བྱེད་མཁན་ཞིང་ཆེན་ལ་པུའུ་རིམ་པའི་ཚབ་སྒྲུབ་སྒྲིག་གཞིས་ཞིང་ཆེན་དེའི་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་རིན་ཐད་ཀར་རྩིས་རྒྱག་གི་ཞབས་ཞུ་སྤེལ་མཚམས་འཇོག་ཆོག ཞིང་ཆེན་རིམ་པའི་ཚབ་གཉེར་སྒྲིག་གཞི་ཁག་གིས་སྤྱི་འདོམས་ས་ཁུལ་གྱིས་དུས་ཐོག་ཏུ་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྨན་རིན་སྔོན་སྤྲོད་དང་མ་དངུལ་གཙང་འཇལ་བྱ་རྒྱུར་མཐུན་སྦྱོར་དང་སྐུལ་འདེད་གཏོང་རྒྱུའི་འགན་འཁུར་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།