འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཝ་ཧྲིང་ཐོན་གྱིས་མུ་ཏིག་གྲུ་ཁའི་དོན་རྐྱེན་བྱུང་ནས་ལོ་ངོ་75འཁོར་བར་དྲན་གསོ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་08ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཝ་ཧྲིང་ཐོན་གྱིས་མུ་ཏིག་གྲུ་ཁའི་དོན་རྐྱེན་བྱུང་ནས་ལོ་ངོ་75འཁོར་བར་དྲན་གསོ་ཞུས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་7ཉིན། ཨ་རིའི་རྒྱལ་ས་ཝ་ཧྲིན་ཐོན་གྱི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་དྲན་ཐང་ཆེན་དུ། བདམས་ཐོན་བྱུང་མ་ཐག་པའི་ཨ་རིའི་ཙུང་ཐུང་གཞོན་པ་མའེ་ཁོ་•ཕེང་སི་དང་(གཡོན་གྱི་གཉིས་པ་) རྒྱལ་ཚོགས་ཀྱི་གྲོས་ཁང་གོང་མའི་གྲོས་མི་ཡུའེ་ཧན་•མའེ་ཁའེ་ཨེན།(གཡས་ཀྱི་གཉིས་པ) མུ་ཏིག་གྲུ་ཁའི་དོན་རྐྱེན་ལས་འཚོ་གནས་ཐུབ་པའི་དམག་མི་རྒན་པ་(རྐུབ་སྟེགས་འཁོར་ལོར་སྡོད་མཁན་)བཅས་དྲན་གསོའི་མཛད་སྒོར་ཞུགས་ཡོད་པ་རེད། 
         ཉིན་དེར། ཝ་ཧྲིང་ཐོན་གྱིས་མུ་ཏིག་གྲུ་ཁའི་དོན་རྐྱེན་བྱུང་ནས་ལོ་ངོ་75འཁོར་བར་དྲན་གསོ་ཞུས། 1941ལོའི་ཟླ་12ཚེས་7ཉིན། ལྗར་དམག་གིས་ཞ་ཝེ་དབྱིའི་ཨ་རིའི་མཚོ་དམག་རྟེན་གཞི་མུ་ཏིག་གྲུ་ཁ་གཏོར་བཤིག་བཏང་བ་དང་། ཨ་རིའི་དམག་གྲུ་དང་གནམ་གྲུ་བརྒྱ་ལྷག་ཙམ་གཏོར་སྐྱོན་ཆེན་པོ་བཏང་བ་རེད། མུ་ཏིག་གྲུ་ཁར་འཇབ་རྒོལ་བྱས་རྐྱེན་ཨ་རིའི་མི་2400ཙམ་ཤི་བ་རེད། དེའི་རྗེས་ཨ་རིས་ལྗར་པན་དང་འཐབ་རྒྱུ་ཡིན་ལུགས་བསྒྲགས་པས། ཞི་བདེ་རྒྱ་མཚོ་ཆེན་པོའི་དམག་འཁྲུགས་འགོ་ཚུགས་པ་རེད།
    【1】  【2】  【3】
    ༄༅།།ཝ་ཧྲིང་ཐོན་གྱིས་མུ་ཏིག་གྲུ་ཁའི་དོན་རྐྱེན་བྱུང་ནས་ལོ་ངོ་75འཁོར་བར་དྲན་གསོ་ཞུས་པ།
      

    ཕྱོགས་བསྡུས་གསར་འགྱུར།