འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཨའི་མཛའ་གྲོགས་རིག་གནས་པར་རིས་འགྲེམས་སྟོན་ཤིའུ་སི་ཏུན་དུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 12:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། དུས་ཡུན་ཉིན་7གྱི་ཀྲུང་ཨའི་མཛའ་གྲོགས་རིག་གནས་པར་རིས་འགྲེམས་སྟོན་ཚེས་3ཉིན་ཨ་རིའི་ཏེ་ཁེ་ས་སི་ཀྲོའུ་ཡི་གྲོང་ཁྱེར་ཆེ་ཤོས་ཤིའུ་སི་ཏུན་གྱི་ཁུང་ཙི་རིག་གནས་ལྟེ་གནས་སུ་འགོ་ཚུགས་པ་རེད། པར་རིས་འགྲེམས་སྟོན་བྱེད་དོན་ནི་མི་རྣམས་ལ་ཀྲུང་ཨའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་དེ་བཞིན་འབྲེལ་བ་དེས་འཛམ་གླིང་ལ་གལ་ཆེའི་ནུས་པ་བཏོན་ཚུལ་ཤེས་རྟོགས་བྱེད་རོགས་བྱ་ཆེད་ཡིན་པ་རེད།
         དེ་ཉིན་འཚོགས་པའི་འགོ་ཚུགས་མཛད་སྒོའི་ཐོག་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་མི་ཨེའར་ཀེ་ལིན་གྱིས་པར་རིས་དེ་དག་ལས་མི་རྣམས་ལ་ཨ་ཀྲུང་དབར་གྱི་སྔར་ནས་ད་བར་ཆགས་པའི་རླབས་ཆེན་མཛའ་གྲོགས་ཤེས་སུ་བཅུག་གི་ཡོད། དེང་གི་འཛམ་གླིང་ཐོག་གལ་འགངས་ཆེ་བའི་རྒྱལ་ཁབ་གཉིས་ཀྱི་ངོས་ནས། ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་ཕན་ཚུན་མཉམ་ལས་བྱེད་ཀྱི་ཡོད། ད་ཆ་རྒྱལ་ཁབ་དེ་གཉིས་ཀྱིས་མུ་མཐུད་མཛའ་གྲོགས་བཟང་པོའི་འབྲེལ་བ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་ཀྱི་ཡོད་ཅེས་བཤད།
         ཤིའུ་སི་ཏུན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ལི་ཆང་མིང་གིས་པར་རིས་དེ་དག་གིས་མི་སེམས་ལ་བག་ཆགས་ཟབ་མོ་བཞག་གི་འདུག བརྟན་ལྷིང་དང་། སྐྱོན་བྲལ། བཟང་པོ་བཅས་ཀྱི་ཀྲུང་ཨའི་འབྲེལ་བས་ཕྱོགས་གཉིས་ཀར་ཕན་པ་སྦྱིན་རྒྱུ་མ་ཟད། འཛམ་གླིང་ཡོངས་ལ་ཕན་པ་སྦྱིན་རྒྱུ་རེད་ཅེས་བཤད།
         ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་དེ་ཤིན་ཧྭ་གསར་འགྱུར་ཁང་ཤིའུ་སི་ཏུན་ཡན་ལག་ཁང་གིས་གཙོ་གཉེར་བྱས་པ་དང་ཤིའུ་སི་ཏུན་གྱི་ཁུང་ཙི་རིག་གནས་ལྟེ་གནས་ཀྱིས་གཉེར་རོགས་བྱས་པ་ཞིག་ཡིན། འགྲེམས་སྟོན་བྱས་པའི་རྩ་ཆེའི་པར་རིས་29ཚང་མ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བླངས་པ་ཤ་སྟག་རེད།
      

    ཕྱོགས་བསྡུས་གསར་འགྱུར།