འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།ནོར་བུ་དོན་གྲུབ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་
    བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ནོར་བུ་དོན་གྲུབ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་
བྱས་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉེན་རེའི་ཚགས་པར་ཁང་གིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་འཚོགས་པ་དང་། ཚོགས་འདུའི་ཐོག་མི་དོན་གོ་གནས་བསྐོ་བཞག་གི་སྐོར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཞིང་། ནོར་བུ་དོན་གྲུབ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་བྱ་རྒྱུའི་གྲོས་ཐག་བཅད་པ་རེད།
         ནོར་བུ་དོན་གྲུབ་ཀྱི་ངོ་སྤྲོད་མདོར་བསྡུས།
         ནོར་བུ་དོན་གྲུབ། 1960ལོའི་ཟླ་12པར་སྐྱེས་ཤིང་། བོད་ལྗོངས་འཕྱོངས་རྒྱས་ནས་ཡིན་པ། 1978ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1978ལོའི་ཟླ་8པར་ལས་ཀར་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བྱས་མྱོང་།
         1975.05—1978.08 ཀྲུང་དབྱང་སྲིད་ཁྲིམས་ལས་བྱེད་སློབ་གྲྭའི་བོད་ལྗོངས་འཛིན་གྲྭ་ནས་སློབ་སྦྱོང་བྱས།
         1978.08—1987.07 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྤྱི་བདེ་ཁྲུའུ་ཉེས་དོན་ཉེན་རྟོག་རུ་ཁག་གི་ཉེན་རྟོག་པ་བྱས། (1981.01—1981.10 སྤྱི་བདེ་པུའུ་མི་དམངས་ཉེན་རྟོག་སློབ་ཆེན་དུ་རྗེས་ཤུལ་ཞིབ་བཤེར་ཆེད་ལས་སློབ་སྦྱོང་བྱས།)
         1990.1987.07—1990.03 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྤྱི་བདེ་ཁྲུའུ་རུ་ཉེས་དོན་ཉེན་རྟོག་རུ་ཁག་གི་རུ་དཔོན་གྱི་འགན་ཁུར་བ།
         1990.03—1992.03 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྤྱི་བདེ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར་བ།
         1992.03—1995.09 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྤྱི་བདེ་ཁྲུའུ་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཁྲུའུ་ཀྲང་གི་འགན་ཁུར་བ། (1992.09—1993.07 ཀྲུང་དབྱང་ཏང་གི་སློབ་གྲྭའི་གསོ་སྦྱོང་པུའུ་ཡི་བོད་ལྗོངས་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས་བརྒྱད་པར་ཞུགས།)
         1995.09—1996.11 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་ས་ཁུལ་ཨུ་ལྷན་དང་ས་ཁུལ་སྤྱི་བདེ་ཁྲུའུ་ཡི་ཏང་ཨུད་ཧྲུའུ་ཅི། ཁྲུའུ་ཀྲང་། ཕྱོགས་བསྡུས་བཅོས་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་ཁུར་བ།
         1996.11—1998.07 བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱི་ས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ས་ཁུལ་སྤྱི་བདེ་ཁྲུའུ་ཡི་ཏང་ཨུད་ཧྲུའུ་ཅི། ཕྱོགས་བསྡུས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་ཁུར་བ།
         1998.07—2001.07 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གི་འགན་ཁུར་བ། (1997.08—2000.06 ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་ཁྲིད་སློབ་གླིང་ཆེད་སྦྱོང་འཛིན་གྲྭར་ཏང་སྲིད་དོ་དམ་ཆེད་ལས་སློབ་སྦྱོང་བྱས།)
         2001.07—2001.09 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གི་འགན་ཁུར་བ།
         2001.09—2001.10 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གི་འགན་ཁུར་བ།
         2001.10—2002.12 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ཕྱོགས་བསྡུས་ཨུ་ལྷན་གྱི་ཀྲུའུ་རེན། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་བཅས་ཀྱི་འགན་ཁུར་བ། (2000.08—2002.12 ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་ཁྲིད་སློབ་གླིང་གི་ཆེད་སྦྱོང་འཛིན་གྲྭར་ཏང་སྲིད་དོ་དམ་ཆེད་ལས་སློབ་སྦྱོང་བྱས།)
         2002.12—2006.09 བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་གྲོང་དཔོན་གྱི་འགན་ཁུར་བ། (2003.03—2005.01 ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གླིང་དུ་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཆེད་ལས་སློབ་སྦྱོང་བྱས།) (2002.03—2003.01 ཀྲུང་དབྱང་ཏང་གི་སློབ་གྲྭའི་གསོ་སྐྱོང་འཛིན་གྲྭར་སློབ་ཡུན་ལོ་གཅིག་གི་རིང་གསོ་སྐྱོང་དུ་ཞུགས། 2002.12—2006.09 ཀྲུང་གོའི་ན་གཞོན་ལས་བྱེད་གསོ་སྐྱོང་འཛིན་གྲྭའི་སློབ་སྦྱོང་ལ་ཞུགས།)
         2006.09—2007.01 བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་རྒྱུན་ལས་ཡོན་ཀྲང་གཞོན་པའི་འགན་ཁུར་བ།
         2007.01—2011.11 བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཡོན་ཀྲང་གི་འགན་ཁུར་བ།       
         2011.11—2012.12 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ཆབ་མདོ་ས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཡོན་ཀྲང་། ཆབ་མདོ་ཡན་ལག་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་ཁུར་བ།
         2012.12—2013.01བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ཆབ་མདོ་ས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆབ་མདོ་ཡན་ལག་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་ཁུར་བ།
         2013.01—2014.12 བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཆབ་མདོ་ས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི། ཆབ་མདོ་ཡན་ལག་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་ཁུར་བ།
         2014.12—2016.12 བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་ཆབ་མདོ་གྲོང་ཁྱེར་གྱི་ཧྲུའུ་ཅི། ཆབ་མདོ་ཡན་ལག་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་འཁུར་བ།
         2016.12ནས་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ། ཆབ་མདོ་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅི། ཆབ་མདོ་ཡན་ལག་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་ཁུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།