འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།H5N8ཅན་གྱི་བྱའི་ཆམ་རིམས་ཡོ་རོབ་གླིང་དུ་མཆེད་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།H5N8ཅན་གྱི་བྱའི་ཆམ་རིམས་ཡོ་རོབ་གླིང་དུ་མཆེད་བཞིན་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་2ཉིན། ཧྥ་རན་སེ་རྒྱལ་ཁབ་ཀྱི་ཞིང་ལས་པུའུ་ཡིས་རྒྱལ་ཁབ་དེའི་ལྷོ་རྒྱུད་ཐཱ་ཨེན་ཞིང་ཆེན་དུ་ཡོད་པའི་བྱ་གག་གསོ་བའི་བཟོ་གྲྭ་ཞིག་གི་ནང་དུ་H5N8ཅན་གྱི་བྱའི་ཆམ་རིམས་བྱུང་བ་ངོས་འཛིན་ངེས་གཏན་བྱས་པ་ཁྱབ་བསྒྲགས་བྱས་པ་རེད། མིག་སྔར་རིམས་ནད་དེ་ཉེ་འཁོར་གྱི་ཞིང་ཆེན་དུ་མགྱོགས་མྱུར་མཆེད་བཞིན་ཡོད་པ་རེད། ཉེ་དུས་ཧྥ་རན་སེ་དང་། ཨོ་སི་ཁྲུ་རི་ཡ། ཁུ་རོ་ཏི་ཡ། ཏེན་མག འཇར་མན། ཕོ་ལན། སུའེ་ཙེར། ཧོ་ལན། ཧང་ག་རི། ཧྥིན་ལན་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་སྔ་རྗེས་སུ་H5N8ཅན་གྱི་བྱའི་ཆམ་རིམས་ཀྱི་ནད་དུག་ལས་རི་སྐྱེས་བྱ་རིགས་དང་ཁྱིམ་བྱ་ཤི་བའི་དོན་རྐྱེན་བྱུང་བར་སྙན་ཞུ་ཞུས་ཡོད་པ་རེད།
    ༄༅།།H5N8ཅན་གྱི་བྱའི་ཆམ་རིམས་ཡོ་རོབ་གླིང་དུ་མཆེད་བཞིན་ཡོད་པ།
    ༄༅།།H5N8ཅན་གྱི་བྱའི་ཆམ་རིམས་ཡོ་རོབ་གླིང་དུ་མཆེད་བཞིན་ཡོད་པ།
    ༄༅།།H5N8ཅན་གྱི་བྱའི་ཆམ་རིམས་ཡོ་རོབ་གླིང་དུ་མཆེད་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།