འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་ཐ་ལིའི་རྩ་ཁྲིམས་བཟོ་བཅོས་རྒྱག་རྒྱུར་སྤྱི་དམངས་ཀྱི་མོས་ཤོག་འཕངས་ཏེ་མོས་མཐུན་
    མ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 12:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། དབྱི་ཐ་ལིའི་རྩ་ཁྲིམས་བཟོ་བཅོས་ཐད་སྤྱི་དམངས་ཀྱི་མོས་ཤོག་འཕངས་པའི་མཇུག་འབྲས་རགས་ཙམ་ཚེས་5ཉིན་གྱི་ཐོ་རེངས་སུ་དོན་པ་དང་ཡིད་མཐུན་མོས་ཤོག་དེ་ངོ་རྒོལ་མོས་ཤོག་ལས་བརྒྱ་ཆའི་གནས་20ཙམ་གྱིས་དམའ་བ་ཡོད་པས་ཙུང་ལི་ལུན་ཆི་ལས་གནས་ནས་དགོངས་པ་ཞུ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         ལུན་ཆིས་ཚེས་5ཉིན་གྱི་ཐོ་རེངས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་སྤྱི་དམངས་ཀྱི་མོས་ཤོག་འཕངས་ཏེ་མོས་མཐུན་མ་ཐོབ་པ་ཁས་ལེན་བྱས་ཤིང་། ཁོང་གིས་སྐབས་འདིའི་སྲིད་གཞུང་དེར་བརྟེན་ནས་མཇུག་འགྲིལ་བས་ཁོང་ཙུང་ཐུང་ཁང་དུ་དགོངས་ཞུའི་སྙན་ཞུ་ཕུལ་བར་བསྐྱོད་རྒྱུ་ཡིན་ཞེས་བཤད་པ་རེད།
         ལུན་ཆི་སྲིད་གཞུང་གི་ཐེངས་འདིའི་རྩ་ཁྲིམས་བཟོ་བཅོས་ཀྱི་སྤྱི་དམངས་ཀྱི་མོས་ཤོག་འཕེན་པར་གཙོ་བོ་སྲིད་དབང་གི་སྒྲིག་གཞི་དང་འབྲེལ་བ་ཡོད་ཅིང་དེའི་ནང་གྲོས་ཁང་གོང་མའི་དབང་ཆ་ཉམས་ཞན་དུ་གཏོང་བ་དང་དེ་བཞིན་ས་གནས་སྲིད་གཞུང་གི་ཐབས་ཇུས་འགོད་དབང་ཁག་གཅིག་ཀྲུང་དབྱང་ལ་ཚུར་བསྡུ་བ་ཚུད་ཡོད་པ་དེའི་དམིགས་ཡུལ་ནི་སྒྲིག་གཞི་ཁུ་བསྡུས་གཏོང་བ་དང་གཏོང་སྒོ་གྲོན་ཆུང་བྱས་ནས་སྲིད་གཞུང་གི་སྲིད་འཛིན་ནུས་པ་འགན་ལེན་བྱ་རྒྱུ་དེ་རེད། དེས་དགོས་ངེས་ཀྱི་སྒྱུར་བཅོས་བྱ་ཐབས་ཁྱབ་གདལ་གཏོང་རྒྱུར་ཕན་པ་ཡོད་མོད། འོན་ཀྱང་ངོ་རྒོལ་བྱེད་མཁན་གྱིས་རྩ་ཁྲིམས་བཟོ་བཅོས་བྱས་ན་དབང་ཆའི་ཚོད་འཛིན་སྙོམས་སྒྲིག་ལམ་སྲོལ་ལ་གནོད་འཚེ་ཕོག་ནས་སྲིད་གཞུང་ལ་དབང་ཆ་མང་དྲགས་ཀྱི་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།