འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥི་ལི་ཕིན་གྱི་ཙུང་ཐུང་གཞོན་པས་ནང་བློན་ཁང་གི་གོ་གནས་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་
    བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 12:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཧྥི་ལི་ཕིན་གྱི་ཙུང་ཐུང་གཞོན་པས་ནང་བློན་ཁང་གི་གོ་གནས་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་
བྱས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་4ཉིན་ཧྥི་ལི་ཕིན་གྱི་ཙུང་ཐུང་གཞོན་པ་ལའེ་ཉི·ལུའོ་པུའུ་ལུའེ་ཏུའོ་ཡིས“སྡོད་ཁང་དང་གྲོང་ཁྱེར་འཕེལ་རྒྱས་མཐུན་སྦྱོར་ཨུ་ལྷན་གྱི་ཀྲུའུ་ཞིའི”ནང་བློན་ཁང་གི་གོ་གནས་དགོངས་ཞུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་རུང་། ཙུང་ཐུང་གཞོན་པའི་གོ་གནས་ནས་འབབ་རྒྱུ་མིན་ཞེས་གསུངས། ལུའོ་པུའུ་ལུའེ་ཏུའོ་ཡིས་ཙུང་ཐུང་ཏུའུ་ཐེར་ཐེ་ཡིས་མི་གཞན་བརྒྱུད་རང་ཉིད་ལ་ཚེས་5ཉིན་ནས་བཟུང་ནང་བློན་ཁང་གི་ཚོགས་འདུ་ཚང་མའི་ནང་མི་ཞུགས་རྒྱུའི་ལན་སྤྲད་བྱུང་། ཁོང་གིས་གནས་ཚུལ་དེ་འདྲའི་འོག་ངས་རྒྱུན་གཏན་བཞིན་ལས་དོན་སྤེལ་མི་ཐུབ་པས། གོ་གནས་དགོངས་ཞུ་བྱ་རྒྱུ་ཡིན་ཞེས་གསུངས་ཤིང་། འདི་ནི་ཟླ་12ཚེ་5ཉིན་ཧྥི་ལི་ཕིན་ཁུའེ་སུང་གྲོང་ཁྱེར་དུ་ཧྥི་ལི་ཕིན་གྱི་ཙུང་ཐུང་གཞོན་པ་ལའེ་ཉི·ལུའོ་པུའུ་ལུའེ་ཏུའོ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཞུགས་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།