འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཕེའོ་ཅིང་ཧུའེ་ཡིས་སྲིད་འཛིན་ཏང་གི་གྲོས་གཞི་དང་ལེན་བྱས་ཏེ་ཟླ་4པར་ལས་
    སྟེགས་ལས་འབབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཕེའོ་ཅིང་ཧུའེ་ཡིས་སྲིད་འཛིན་ཏང་གི་གྲོས་གཞི་དང་ལེན་བྱས་ཏེ་ཟླ་4པར་ལས་
སྟེགས་ལས་འབབ་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཁོ་རེ་ཡ་ལྷོ་མའི་མཉམ་འབྲེལ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན་གསར་ལྟར་ན། ཁོ་རེ་ཡ་ལྷོ་མའི་ཆིང་ཝ་ཐའེ་ཡི་དབུ་བཞུགས་སྲིད་དོན་དྲུང་ཆེ་ཞུས་ཡོན་ཆིས་ཚེས་5ཉིན་ཁོ་རེ་ཡ་ལྷོ་མའི་རྒྱལ་ཚོགས་ཀྱི་“ཕེའོ་ཅིང་ཧུའེ་ཡི་སྤྱན་བསལ་གྱིས་སྲིད་དབང་ལ་ཐེ་ཇུས་བྱས་པའི་རྒྱལ་སྲིད་བརྟག་བཤེར་ཆེད་དོན་ཨུ་ལྷན་”གི་ཚོགས་འདུར་ཞུགས་དུས་གསུང་དོན། ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཕེའོ་ཅིང་ཧུའེ་ཡིས་སྲིད་འཛིན་ཏང་སྟེ་འཇིག་རྟེན་གསར་པའི་ཏང་གིས་བཏོན་པའི་“སང་ལོའི་ཟླ་4པར་ལས་སྟེགས་ནས་འབབ་རྒྱུ་དང་། ཟླ་6པར་ཙུང་ཐུང་འདེམས་བསྐོ་བྱེད་རྒྱུའི་”གྲོས་གཞི་དང་ལེན་བྱས་པ་རེད།
         ཞུས་ཡོན་ཆིས་གསུང་དོན་དུ། ཕེའོ་ཅིང་ཧུའེ་ཡིས་མོ་རང་འཇིག་རྟེན་གསར་པའི་ཏང་གི་གྲས་ཤིག་ཡིན་པའི་ཆ་ནས་ཏང་གི་ཆོད་དོན་དང་ལེན་བྱ་རྒྱུ་ཡིན་ལུགས་བསྟན་བྱུང་ཞེས་བཤད། འདིའི་ཐོག་ནས་ཕེའོ་ཅིང་ཧུའེ་སང་ལོའི་ཟླ་4པར་ལས་སྟེགས་ལས་འབབ་རྒྱུ་ཡིན་པ་མཚོན་ཡོད་དམ་ཞེས་འདྲི་སྐབས། ཞུས་ཡོན་ཆིས། ཏང་གི་ཆོད་དོན་དང་ལེན་བྱེད་རྒྱུ་ཡིན་ཞེས་པ་འདིས་དེ་ལྟར་བྱེད་རྒྱུ་ཡིན་པ་མཚོན་ཡོད་པ་རེད་ཟེར། 
      

    ཕྱོགས་བསྡུས་གསར་འགྱུར།