འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།བྱམས་པ་ཕུན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མར་འཚམས་འདྲི་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་30ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བྱམས་པ་ཕུན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མར་འཚམས་འདྲི་གནང་བ།
         མི་དམངས་དྲ་བའི་འཕྲིན། ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་ཀྱི་རྒྱལ་དམངས་དབྱི་ཧུའེ་གྲོས་ཚོགས་ཀྱིས་གདན་ཞུས་ལྟར། ཟླ་11ཚེས་29ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་ཀྱིས་ཁེ་ཕུ་ཏོན་དུ་ཨ་ཧྥེ་རི་ཁ་ལྷོ་མ་རྒྱལ་ཁབ་ཀྱི་རྒྱལ་ཡོངས་ཞིང་ཆེན་རིམ་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་ཞི་མོ་ཏི་སའེ་དང་མཇལ་འཛོམས་གནང་ཞིང་། རྒྱལ་དམངས་དབྱི་ཧུའེ་གྲོས་ཚོགས་ཀྱི་འགོ་གཙོ་གཞོན་པ་ཚེ་ནུའོ་ལི་དང་མཉམ་དུ་ཀྲུང་ལྷོ་ཁྲིམས་འཛུགས་ལས་ཁུངས་ཀྱི་དུས་གཏན་སྤེལ་རེས་ལམ་སྲོལ་གྱི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་བ་གནང་བ་རེད།
         བྱམས་པ་ཕུན་ཚོགས་ཀྱིས་བསྟན་དོན། ད་ལྟ་ཀྲུང་ལྷོ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཆེ་ཚུལ་མཐའ་འཁྱོངས་བྱས་ཡོད་པ་དང་ལོ་རྒྱུས་ཐོག་གི་འབྲེལ་བ་ཆེས་ལེགས་པའི་དུས་རིམ་དུ་གནས་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་མཛའ་མཐུན་སྤེལ་རེས་དང་མཉམ་ལས་ཉིན་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་པ་དང་དུས་གཏན་གྱི་སྤེལ་རེས་ལམ་སྲོལ་འཁོར་རྒྱུག་ཡག་པོ་ཡོད་པ་རེད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣའི་ངོས་འཛིན་གཅིག་མཐུན་དང་ཀྲུང་ལྷོ་མཉམ་ལས་གླེང་སྟེགས་ཀྱི་ཡུའེ་ཧན་ནེ་སི་པའོ་ཡི་འགོ་གཙོའི་ཚོགས་འདུའི་འབྲས་བུ་དོན་འཁྱོལ་ལག་བསྟར་བྱ་རྒྱུ་བྱེད་ཐབས་གལ་ཆེན་དུ་བྱས་ཏེ། ཁྲིམས་འཛུགས་ལས་ཁུངས་གཏོགས་པའི་ཁྱབས་ཁོངས་ཁག་གི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་དུ་གཏོང་བ་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་ལྷོ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྐས་རིམ་གསར་པར་སླེབས་པ་བཅས་བྱེད་བཞིན་ཡོད་པ་རེད།
       ཨ་ཧྥེ་རི་ཁ་ལྷོ་མའི་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བར་ཚད་མཐོའི་དཔྱད་བརྗོད་བྱས་ཤིང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཡོང་བར་བྱེད་པ་དང་དངོས་གཉེར་མཉམ་ལས་གཏིང་ཟབ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་སྤེལ་རེས་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ། ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་མུ་མཐུད་རྒྱ་བསྐྱེད་སོགས་བྱས་ཏེ་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོ་བར་དང་། ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོ་ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་བྱས་པ་རེད།
        ཕྱོགས་གཉིས་པོའི་ཚོགས་ཞུགས་འཐུས་མིས་ཐུན་མོང་ཐོག་དོ་འཁུར་བྱེད་པའི་གནད་དོན་ཐད་ལའང་བསམ་ཚུལ་བརྗེ་རེས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།