འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅༎།ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱིས་དཔལ་འབྱོར་དང་ཐོན་ནུས་མཉམ་
    ལས་གཏིང་ཟབ་ཡོང་བར་འཚོལ་ཞིབ་དང་བགྲོ་གླེང་གཏིང་ཟབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 12:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། སྐབས་དང་པོའི་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་དཔལ་འབྱོར་དང་ཐོན་ནུས་མཉམ་ལས་ཀྱི་གླེང་སྟེགས་དེ་ཚེས་5ཉིན་ཐོ་ཁེའོ་རུ་འཚོགས་པ་རེད། གླེང་སྟེགས་དེའི་དམིགས་ཡུལ་ནི་རྒྱལ་ཁབ་གསུམ་པོས་ཇུས་འདོན་ཚོགས་པ་དང་། ཁེ་ལས། དངུལ་རྩའི་སྒྲིག་གཞི་དང་ས་གནས་སྲིད་གཞུང་དབར་སྤེལ་རེས་དང་མཉམ་ལས་བྱེད་པའི་ལས་སྟེགས་ཤིག་བསྐྲུན་ནས་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཕྱོགས་གསུམ་པོས་ཐུན་མོང་ཐོག་ཕྱོགས་བཞི་པའི་ཁྲོམ་རའི་བྱེད་ཐབས་དང་ཐབས་ལམ་འཚོལ་ཞིབ་བྱ་ཆེད་རེད།
         ཀྲུང་གོའི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་རྒྱལ་སྤྱིའི་མཉམ་ལས་ལྟེ་གནས་ཀྱི་ཀྲུའུ་རེན་ཚའོ་ཝུན་ལན་གྱིས་ཚོགས་འདུའི་ཐོག་ཤིས་ཚིག་གསུང་སྐབས་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་པོ་ས་ཐག་ཉེ་ལ་ལེགས་ཆ་ཕན་གསབ་ཐུབ་པས་ཉེ་བའི་ལོ་ཤས་རིང་དཔལ་འབྱོར་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་ཐུབ་པ་བྱུང་ཡོད། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བརྒྱུད་གོ་ལ་ཧྲིལ་པོའི་ཐོན་ལས་མུ་སྦྲེལ་ནང་ཞུགས་ནས་རྒྱལ་སྤྱིའི་ཐོན་ནུས་དེ་ཀྲུང་གོར་ཕྱོགས་སྒྱུར་ཡོང་བའི་འབྲེལ་མཐུད་ནུས་ལྡན་བྱས་པ་དང་ཆབས་ཅིག་ཐོན་ལས་ཀྱི་རིགས་ཆ་ཚང་བ་དང་ལག་རྩལ་ཆུ་ཚད་ཅུང་མཐོ་བའི་བཟོ་ལས་མ་ལག་ཅིག་རིམ་པས་འཕེལ་རྒྱས་བྱུང་ནས་གྲུབ་ཡོད་ཅེས་བརྗོད་པ་རེད།
         རི་པིན་ཕྱོགས་ཀྱི་རི་ཀྲུང་ཐོན་ལས་མཁས་དབང་སྤེལ་རེས་སྒྲིག་གཞིའི་ལས་འཛིན་འགོ་གཙོ་ཆིང་ཁྲོན་ཡིའུ་ཨེར་གྱིས་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་རྒྱལ་ཁབ་གསུམ་པོའི་མཉམ་ལས་འབྲེལ་བ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་རླབས་རྒྱུན་ཆེན་པོའི་འོག་ཟམ་མི་ཆད་པར་མདུན་ཕྱོགས་སུ་གོང་འཕེལ་བྱུང་བ་ཞིག་ཡིན་པས་ཁེ་ལས་ཀྱིས་འབྲེལ་ཡོད་མཉམ་ལས་རང་བརྟེན་ངང་རྒྱ་ཆེར་གཏོང་རྒྱུར་སྐུལ་མ་གཏོང་བའི་ཐད་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་པས་ད་ཐེངས་ཀྱི་གླེང་སྟེགས་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་རྒྱུ་དང་ཚོང་གི་གོ་སྐབས་གསར་པ་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
         ཧན་གོ་ཉོ་ཚོང་མ་འཇོག་དར་རྒྱས་ཀུང་ཧྲེ་རི་པིན་ས་ཁུལ་གྱི་པུའུ་ཀྲང་དང་ཐོ་ཁེའོ་ཚོང་དོན་ཁང་གི་འགོ་འཛིན་གཅིག་ལྕོགས་ཡིན་པའི་ཀྲའོ་ཨེན་ཧའོ་ཡིས་ད་ཐེངས་ཀྱི་གླེང་སྟེགས་འཚོགས་པ་དེ་ནི་ཀྲུང་གོ་དང་། རི་པིན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་ཚོགས་འདུ་ཐེངས་དྲུག་པའི་གྲུབ་འབྲས་ཞིབ་ཕྲ་དོན་འཁྱོལ་བྱ་རྒྱུ་དེ་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།