འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱི་ཕྱིའི་རྒྱ་མཚོར་ས་ཡོམ་6.8བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཨ་རིའི་ས་གཤིས་རྩད་གཅོད་ཅུས་ཀྱི་དྲ་ཚིགས་ནས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། པེ་ཅིང་དུས་ཚོད་ཟླ་12ཚེས་7ཉིན་གྱི་ཆུ་ཚོད་6དང་སྐར་མ་3གྱི་ཐོག་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱི་སུའུ་མོན་ཏ་ལཱ་བྱང་རྒྱུད་ཀྱི་ཡ་ཆི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཏ་ཡ་ཆི་(Banda Aceh)ཡི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་130མཚམས་སུ་ས་ཡོམ་ཚབས་ཆེན་རིམ་པ་6.8བྱུང་བ་རེད།
           ས་གནས་དེ་གའི་དབང་འཛིན་ལས་ཁུངས་ཀྱིས་མཚོ་འཁྱོམ་སྔོན་འགོག་གི་ཉེན་བརྡ་བཏང་མེད་པ་དང་། མིག་སྔར་མི་སྣ་ཤི་རྨས་སམ་རྒྱུ་ནོར་གྱོང་གུན་སོགས་ཀྱི་ཆ་འཕྲིན་ད་དུང་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།