འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མི་གྲངས་295ཡིས་དབུལ་སྐྱོར་གསར་སྤེལ་ཁྱབ་ཁོངས་ནང་ལྐོག་ཟ་བྱས་
    རྐྱེན་ཆད་པ་བཅད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་07ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱི་སྒྲིག་བཤེར་ལས་ཁུངས་རིམ་པ་ཁག་གིས་གྱོད་དོན་བྱུང་ན་རྩད་གཅོད་དང་། རུལ་སུངས་ལ་ཆད་པ་མཐའ་གཅིག་དུ་གཅོད་པ་རྒྱུན་འཁྱོངས་བྱས་ཏེ། "བཟོད་སྒོམ་གཏན་ནས་མི་བྱེད་པའི"རྣམ་འགྱུར་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཉེ་འཁོར་དུ་བྱུང་བའི་ཚུལ་མིན་སྤྱོད་ཡན་དང་རུལ་སུངས་ཀྱི་སྐྱོན་ཆ་རྩད་ཞིབ་ཐག་གཅོད་བྱས་པ་རེད། ད་ལྟ་བར་དུ། བོད་ལྗོངས་ཀྱི་སྒྲིག་བཤེར་ལས་ཁུངས་རིམ་པ་ཁག་གིས་གཏམ་གླེང་འདྲི་རྩད་ཐེངས་གྲངས་1113བྱས་པ་དང་། མི་གྲངས་473ལ་ཏང་ཁྲིམས་དང་སྲིད་སྐྱོང་སྒྲིག་ལམ་གྱི་ཆད་པ་བཅད་པ་དང་། དེའི་ནང་མི་332ལ་ཆད་པ་ཡང་མོ་བཅད་ཅིང་། མི་141ལ་ཆད་པ་དྲག་པོ་བཅད་པ་རེད།
           ཤེས་རྟོགས་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་སྒྲིག་བཤེར་ལས་ཁུངས་རིམ་པ་ཁག་གིས་དབུལ་སྐྱོར་གསར་སྤེལ་དང་། དམངས་ཕན་སྲིད་ཇུས་ལག་ལེན་བསྟར་བ་སོགས་ཀྱི་ཁྱབ་ཁོངས་སུ་ལྐོག་ཟ་གཞན་སྤྱོད་དང་། རྫུན་ཞུ་གཡོ་ལེན། བཀག་ཉར་ལྐོག་བགོས། བག་མེད་ཆུད་ཟོས་སོགས་རུལ་སུངས་གནད་དོན་གྱི་གྱོད་དོན་ཁྱོན་བསྡོམས་273གྱོད་ཁོངས་སུ་བཅུག་པ་དང་། མི་295ལ་ཏང་སྲིད་དང་སྒྲིག་ལམ་གྱི་ཆད་པ་བཅད་པ། མི་78ལ་རྩ་འཛུགས་ཀྱི་ཆད་པ་བཅད་པ། མི་26ཁྲིམས་འཛིན་སྡེ་ཚན་ལ་རྩིས་སྤྲོད་བྱས་པ་རེད། གཞི་རིམ་གྱི"རུལ་སུངས་ཆུང་ངུ"ཞིབ་བཤེར་ནན་པོ་བྱེད་པ་དང་ཆངས་ཅིག  "གྱོད་དོན་གཅིག་ལ་ཞིབ་བཤེར་ཐེངས་གཉིས་བྱེད་པའི"གཏན་འབེབས་དོན་འཁྱོལ་ནན་ཏན་བྱས་ཏེ་འགན་འཁྲི་ལྡོག་བཤེར་གྱི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་བ་རེད། སྔ་གཞུག་ཏུ"འགན་འཁྲི་གཉིས"ལག་བསྟར་དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང་། གནད་དོན་ཡོད་པ་ཤེས་ཀྱང་བརྟག་དཔྱད་མི་བྱེད་པ། སྙན་ཞུ་མི་འབུལ་བ། ཐག་གཅོད་མི་བྱེད་པའི་ཏང་ཨུད་(ཏང་ཙུའུ་)དང་སྒྲིག་ཨུད་(སྒྲིག་བཤེར་ཚོ་ཆུང་)དང་། མི་གྲངས་163གྱི་འགན་འཁྲི་བདའ་འདེད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།