འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མགོ་ལོག་ཏུ་མངོན་མིན་རིག་གནས་ཤུལ་བཞག་གེ་སར་གྱི་ལོ་རྒྱུས་མཚོན་པའི་འཇིམ་
    བརྙན་བཞེངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་17ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་ལ་མངོན་མིན་རིག་གནས་ཤུལ་བཞག་གེ་སར་གྱི་ལོ་རྒྱུས་མཚོན་པའི་འཇིམ་བརྙན་བཞེངས་པ་སྐྱེ་བོའི་སྤྱན་སྔར་བཤམས་ཡོད།
         གླིང་སྒྲུང་ནི་འཛམ་གླིང་ཐོག་ཆེས་རིང་ཤོས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་ངག་ཅིག་ཡིན་ལ། བོད་མིའི་དམངས་ཁྲོད་རིག་གནས་དང་ངག་རྒྱུན་སྒྱུ་རྩལ་གྱི་གྲུབ་འབྲས་ཆེ་ཤོས་ཀྱང་ཡིན་པས། “ཤར་ཕྱོགས་ཀྱི་ཧོ་མེར་ལོ་རྒྱུས་སྙན་ངག”ཅེས་ཀྱང་གྲགས། མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ནི་གླིང་སྒྲུང་དར་ས་ཡིན་པར་བརྟེན“ཀྲུང་གོའི་གླིང་སྒྲུང་འབྱུང་གནས”ཀྱི་མཚན་སྙན་ཐོབ་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གེ་སར་གྱི་ལོ་རྒྱུས་མཚོན་པའི་འཇིམ་བརྙན་ལ་ཁྱོན་མི་དམངས་ཤོག་སྒོར་ཁྲི་109བཏང་ནས་རིང་ཚད་སྨི་56དང་ཞེང་ཚད་སྨི་2ཟིན་པའི་མི་སྣ་དང་ཡུལ་ལྗོངས་སོགས་བཞི་སྟོང་ཙམ་བཞེངས་པར་དུས་ཡུན་ལོ་གཉིས་འགོར་བ་རེད།
         གེ་སར་གྱི་ལོ་རྒྱུས་མཚོན་པའི་འཇིམ་བརྙན་དེ་དགའ་བདེ་རྫོང་དུར་བུད་གེ་སར་ཐོན་ལས་གླིང་གི་གེ་སར་རིག་གནས་ཕོ་བྲང་ནང་བཞེངས་ཡོད། བཟོ་བཀོད་ཞིབ་ཚགས་ཤིང་གསོན་ཉམས་དོད་པ་དེ་དག་གིས་གེ་སར་རྒྱལ་པོས་ནག་པོ་བདུད་ཀྱི་ཁ་གནོན་དང་དཀར་པོ་ལྷའི་སྡོང་གྲོགས་བྱས་ཏེ་ཕྱོགས་བཞིའི་དགྲ་བཏུལ་ནས་གླིང་གི་རྒྱལ་ཁམས་བདེ་ལ་འཁོད་པའི་ངོ་མཚར་ལེགས་པར་བརྗོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།