འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཕེ་རུའི་ཁེ་ལས་ཀྱིས་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་ཨ་སྒོར་
    དུང་ཕྱུར་20ཙམ་གྱི་གྲོས་མཐུན་བཞག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་17ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།“ཀྲུང་གོ་དང་ཕེ་རུའི་ཁེ་ལས་ཉོ་ཚོང་འབྲེལ་མཐུད་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་གན་རྒྱ་འཇོག་པའི་མཛད་སྒོ”དེ་ས་གནས་དེ་གའི་དུས་ཚོད་ཚེས་14ཉིན་ཕེ་རུའི་རྒྱལ་ས་ལི་མར་གཉེར་ཞིང་། ཚོགས་འདུའི་ཐོག་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར་20ཙམ་གྱི་ཉོ་སྒྲུབ་གྲོས་མཐུན་བཞག་པ་རེད།
         ད་རེས་ཀྱི་བྱེད་སྒོ་ནི་ཀྲུང་གོ་ཚོང་དོན་པུའུ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལས་དོན་ཅུས་དང་ཕེ་རུ་ཕྱིར་གཏོང་ཚོང་ཚོགས་ཀྱིས་སྒྲུབ་འགན་ཁུར་བ་ཞིག་ཡིན། ཚོང་དོན་པུའུ་ཕྱི་ཕྱོགས་ཚོང་དོན་སིའི་སི་ཀྲང་གཞོན་པ་ཀྲུའུ་ཡུང་དང་ཕེ་རུ་ཕྱིར་གཏོང་ཚོང་ཚོགས་ཀྱི་ཀྲུའུ་ཞི་ཧུའུ་ཨན·པ་ལི་ལི་ཡ་སི་གཉིས་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་ཕུལ་བ་རེད།
         ཚོགས་འདུའི་ཐོག་ཀྲུང་གོའི་ཁེ་ལས་དང་ཕེ་རུའི་ཁེ་ལས་ཀྱིས་ཡང་བའི་བཟོ་ལས་དང་། འཁལ་འཐག ཞིང་ལས་ཐོན་ཟོག སྨན། ལྕགས་རིགས་གཏེར་ཁ་སོགས་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར་་20ཙམ་གྱི་ཉོ་སྒྲུབ་གྲོས་མཐུན་བཞག་པ་རེད། ཚོགས་འདུ་གྲོལ་རྗེས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་འབྲེལ་མཐུད་ངོ་འཕྲད་གྲོས་མོལ་བྱས་པ་དང་སྦྲགས་མཉམ་ལས་ཀྱི་འདོད་འདུན་སྔར་ལས་མང་བ་བྱུང་ནས་ཀྲུང་གོ་དང་ཕེ་རུ་ཕྱོགས་གཉིས་ཀྱི་ཉོ་ཚོང་སྔར་བས་གོང་འཕེལ་ཡོང་ཆེད་རྨང་གཞི་བཟང་པོ་བཏིང་བ་རེད།
         མིག་སྔར་ཀྲུང་གོ་དང་ཕེ་རུས་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དང་ཀྲུང་གོ་ཉིད་ཕེ་རུའི་ཉོ་ཚོང་རོགས་ཟླ་དང་པོར་གྱུར་པ་དང་། ཕེ་རུ་ཡང་ལ་ཏིང་མེ་གླིང་དུ་གནས་པའི་ཀྲུང་གོའི་མ་འཇོག་བྱ་ཡུལ་རྒྱལ་ཁབ་གལ་ཆེན་ཞིག་ཡིན། ད་རེས་ཀྱི་བྱེད་སྒོ་ནི་གཉིས་ཁེ་གཉིས་ཕན་གྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པ་དང་ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་དང་མཉམ་དུ་མུ་མཐུད་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཀྱིས་ཉོ་ཚོང་གྲུབ་ཆ་བཟང་སྒྲིག་དང་ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།