འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནང་ཨ་རི་ཞུགས་པ་ནི་བྱ་བ་བཟང་
    པོ་ཞིག་རེད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་17ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་15ཉིན།  ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཨང་དང་པོ་ཡིན་པའི་ཨ་རི་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནང་ཞུགས་པ་ནི་བྱ་བ་བཟང་པོ་ཞིག་ཡིན་པས་ཀྲུང་གོས་ཐོག་མ་ཉིད་ནས་རྣམ་འགྱུར་དེ་ལྟར་འཛིན་གྱི་ཡོད་ཅེས་བཤད།
         ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་མིན་ཐད་ཀྱི་གནད་དོན་ལ་གོང་གསལ་གྱི་གཏམ་བཤད་དེ་སྤེལ་བ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ཐེ་རོན་ཕུའི་བློ་འདྲི་བས་ཨ་རིས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནང་ཞུགས་རྒྱུ་དང་ལེན་བྱས་མེད་པ་དེ་ནོར་འཁྲུལ་ཞིག་རེད་ཅེས་བཤད། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་ཧང་ཀྲང་ཅིན་ལི་ཆུན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་ངེད་དངུལ་ཁང་གིས་ཁོངས་མི་གསར་པ་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་མོད། འོན་ཀྱང་ཁོངས་མིའི་གསར་ཞུགས་མི་གྲངས་མང་པོ་མེད་ཅེས་བཤད།
         “ང་ཚོས་འབྲེལ་ཡོད་ཀྱི་གནས་ཚུལ་སྤེལ་གསལ་ལ་དོ་སྣང་བྱུང”ཀེང་ཧྲོང་གིས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་འཛམ་གླིང་དངུལ་ཁང་དང་ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་དང་འདྲ་བར་རང་ཚུགས་ཀྱི་ཕྱོགས་མང་གསར་སྤེལ་གྱི་སྒྲིག་གཞི་ཞིག་ཡིན། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གྲོས་འགོ་བཏོན་པ་ནས་འཛུགས་རྒྱུའི་གྲ་སྒྲིག་བྱེད་པའི་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་དོ་ཁུར་དང་ཡོངས་ཁྱབ་ངང་རྒྱབ་སྐྱོར་ཐོབ་ཅིང་། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་འདི་ལོའི་ཟླ་དང་པོ་ནས་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་དང་ད་ཆ་ཁོངས་མིའི་རྒྱལ་ཁབ་57ཡོད། ཁོངས་མི་གསར་པ་དང་ལེན་བྱེད་པའི་ཐད་དངུལ་ཁང་ལ་དེ་མཚུངས་ཀྱི་གཞུང་དོན་གྲོས་མོལ་བྱེད་སྲོལ་དང་བརྒྱུད་རིམ་ཡོད་པས་ཀྲུང་གོ་ཕྱོགས་ལ་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ངམ་ཡང་ན་དེའི་ཁོངས་མིའི་རྒྱལ་ཁབ་གཞན་གྱི་ཚབ་བྱས་ནས་གཏམ་བཤད་བྱེད་དབང་མེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།