འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིའུ་གཡོད་དུ"ཀྲུང་གོ་ཤེས་ཚོར·ནུབ་རྒྱུད་རིག་གནས་ཨ་རིར་སྐྱོད་པའི"བྱེད་སྒོ་
    རབ་དང་རིམ་པ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་17ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  ཉིན་ཤས་གོང་། “ཀྲུང་གོ་ཤེས་ཚོར·ནུབ་རྒྱུད་རིག་གནས་ཨ་རིར་སྐྱོད་པའི”བྱེད་སྒོ་རབ་དང་རིམ་པ་ཉིའུ་གཡོད་ཀྱི་ཨེ་ཤེ་ཡའི་རིག་གནས་ལྟེ་གནས་སུ་འགོ་བཙུགས་ཏེ་ས་གནས་དེ་གའི་མང་ཚོགས་ལ་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་སྣོད་བཅུད་དང་རིག་གནས་ཀྱི་སྟོན་མོ་ཞིག་བཤམས་ཡོད།
         ད་ཐེངས་ཀྱི་བྱེད་སྒོའི་ནང་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཕྱི་ནང་གི་པར་ལེན་མཁས་ཅན་གྱིས་པར་བླངས་པའི་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་ཕུལ་བྱུང་པར་རིས་བརྩམས་ཆོས་འགྲེམས་སྟོན་དང་། སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཀྲོའུ་མི་རིགས་གླུ་གར་ཚོགས་པའི་གདོད་མའི་མི་རིགས་གླུ་གར་འཁྲབ་སྟོན། མཚོ་བོད་ས་མཐོའི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱེད་ཚུལ་མཚོན་པའི་གནས་ཚུལ་དངོས་མཚོན་གློག་བརྙན་《འཛམ་གླིང་ཡང་རྩེ་》ཞེས་པ་སོགས་་སྟོན་ཡོད།
         ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཅུས་ཀྱི་ཅུས་ཀྲང་ལུའུ་ཀོང་ཅིང་གིས་འགོ་འཛུགས་མཛད་སྒོའི་ཐོག་གནང་བའི་ཤིས་ཚིག་ནང་། ཀྲུང་གོའི་ནུབ་རྒྱུད་དུ་འཚོ་གནས་བྱེད་བཞིན་པའི་མི་རིགས་མང་པོས་ལོ་ངོ་སྟོང་ཕྲག་མང་པོའི་ཁྲོད་ཁྱད་དུ་འཕགས་པའི་རིག་གནས་དཔེ་དབྱིབས་བཏོད་ཡོད། ད་ཐེངས་ནུབ་རྒྱུད་བོད་རིགས་རིག་གནས་གཙོར་བྱེད་པའི“ཀྲུང་གོ་ཤེས་ཚོར·ནུབ་རྒྱུད་རིག་གནས་ཨ་རིར་སྐྱོད་པའི”བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཨ་རིའི་མང་ཚོགས་ཀྱིས་ཀྲུང་ཧྭའི་རིག་གནས་སྣ་མང་གཞི་གཅིག་ཅན་ལ་ངོས་འཛིན་དང་ཤེས་རྟོགས་ཟབ་ཏུ་གཏོང་རྒྱུར་ཕན་པ་ཡོད་ཅེས་གསུངས་པ་རེད།
         བྱེད་སྒོའི་ཁྲོད་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་བསོད་ལྷུན་གྱིས་གཙོས་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཉིའུ་གཡོད་ཁོ་ལུན་པི་ཡ་སློབ་ཆེན་གྱི་ཨེ་ཤེ་ཡ་ཤར་མ་ཞིབ་འཇུག་སུའོ་དང་། ལ་རྩེའི་བོད་རིག་གནས་ལྟེ་གནས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་དང་བཞུགས་མོལ་སྤེལ་རེས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་དང་། ཁོར་ཡུག་སྲུང་སྐྱོང་། རིག་གནས་རྒྱུན་འཛིན། “རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་བོད་ཀྱིས་ཨེ་ཤེ་ཡ་ལྷོ་མའི་ཉོ་ཚོང་ལ་འཕེལ་རྒྱས་གཏོང་ཚུལ་སོགས་ཐད་ནས་བོད་ཀྱི་ཕྱོགས་ཁག་གི་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་བོད་ཀྱི་མི་རིགས་ཁག་མཐུན་སྒྲིལ་འཆམ་མཐུན་དང་ཐུན་མོང་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།