འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་དུ་བུད་མེད་ཀྱི་བཅའ་ཁྲིམས་རོགས་སྐྱོར་ས་ཚིགས་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་17ཉིན། 12:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བུད་མེད་དང་བྱིས་པའི་ཁེ་དབང་གནད་དོན་རྙོག་འཛིང་དང་སྣ་མང་དུ་སོང་བ་དང་། ཆབས་ཅིག་ཆེད་དམིགས་ཀྱིས་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ནི། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་གལ་ཆེན་དང་འཕེལ་རྒྱས་ཁ་ཕྱོགས་སུ་གྱུར་ཡོད། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཆེའི་ཁྲིམས་རྩོད་པའི་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གཉེན་སྒྲིག་ཁྱིམ་ཚང་གི་འགལ་བ་དང་རྩོད་གཞི་སེལ་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱེད་པ་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་ཐད་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། བོད་དུ་རང་སྐྱོང་ལྗོངས་ཀྱི་བུད་མེད་བཅའ་ཁྲིམས་རོགས་སྐྱོར་ས་ཚིགས་དང་རང་སྐྱོང་ལྗོངས་ཀྱི་བུད་མེད་བཅའ་ཁྲིམས་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ཁྲིམས་རྩོད་པའི་ཚོགས་པ་བཙུགས་པ་རེད། བོད་ལྗོངས་ཞུས་ཁྲེན་ཁྲིམས་རྩོད་པའི་ལས་དོན་ཁང་དང་། པེ་ཅིང་གྲོང་ཁྱེར་ཏ་ཁྲེང་ལྷ་ས་ཁྲིམས་རྩོད་པའི་ལས་དོན་ཁང་། བོད་ལྗོངས་སློབ་ཆེན་སྲིད་ཁྲིམས་སློབ་གླིང་བཅས་ཀྱི་ཆེད་བསྐོས་དང་གཅིག་་ལྕོགས་ཀྱི་ཁྲིམས་རྩོད་པ་8བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་བཅའ་ཁྲིམས་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ཁྲིམས་རྩོད་པ་ཁག་དང་པོར་གྱུར་པ་རེད།
         ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་བུད་མེད་བཅའ་ཁྲིམས་རོགས་སྐྱོར་ས་ཚིགས་ཀྱི་སྒོ་བྱང་སྤྲོད་པ་དང་བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་བཅའ་ཁྲིམས་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ཁྲིམས་རྩོད་པའི་ཚོགས་པའི་གདན་ཞུའི་མཛད་སྒོ་གཉེར་བ་དང་། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་བཅའ་ཁྲིམས་རོགས་སྐྱོར་ས་ཚིགས་ལ་ལས་ཀའི་འགོ་འཛུགས་འགྲོ་གྲོན་སྒོར་40000སྤྲད་པ་རེད།
         བོད་རང་སྐྱོང་ལྗོངས་བུད་མེད་བཅའ་ཁྲིམས་རོགས་སྐྱོར་ས་ཚིགས་དང་བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་བཅའ་ཁྲིམས་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ཁྲིམས་རྩོད་པའི་ཚོགས་པ་འཛུགས་པའི་དམིགས་ཡུལ་ནི་བོད་ཀྱི་རྒྱ་ཆེའི་བུད་མེད་ལ་བཅའ་ཁྲིམས་ཐད་ཀྱི་རོགས་སྐྱོར་ཞབས་ཞུ་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་གླེང་མང་བའི་གནད་དོན་དུས་ཐོག་ཏུ་རྩད་གཅོད་བྱེད་པ། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་གསར་པར་ལྟ་ཞིབ་བྱེད་པ། བུད་མེད་དང་བྱིས་པའི་རོགས་སྐྱོར་དགོས་མཁོའི་གནས་སྟངས་གསར་པར་ཤེས་རྟོགས་བྱེད་པ། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་གནས་ཚུལ་གསར་པར་སྟངས་འཛིན་བྱེད་པའི་སྒོ་ནས་སྲིད་གཞུང་ལ་གང་ལ་དེ་མཐུན་གྱི་གྲོས་འགོ་འདོན་རྒྱུ་དེ་ཡིན། བུད་མེད་བཅའ་ཁྲིམས་རོགས་སྐྱོར་ས་ཚིགས་ཀྱིས། བུད་མེད་དང་བྱིས་པར་བཅའ་ཁྲིམས་ཀྱི་ཞབས་འདེགས་གཙོ་བོར་ཞུས་ཏེ། བཅའ་ཁྲིམས་ཀྱི་དོགས་གནད་སེལ་བ་དང་། གཉེན་སྒྲིག་ཁྱིམ་ཚང་གི་གནད་དོན་ལ་ཇུས་འདོན་པ། བཅའ་ཁྲིམས་རོགས་སྐྱོར་གྱི་ཆ་རྐྱེན་དང་འཚམ་པའི་བུད་མེད་ལ་རིན་མི་དགོས་པར་བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱེད་པ། འབྲེལ་ཡོད་འགན་ནུས་སྡེ་ཚན་དང་མཐུན་སྦྱོར་གྱིས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པ། བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་དང་འཆད་ཁྲིད་བྱེད་པ་སོགས་ལས་དོན་སྒྲུབ་རྒྱུ་ཡིན་པ་རེད།
         བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་བཅའ་ཁྲིམས་རོགས་སྐྱོར་ས་ཚིགས་དང་བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་བཅའ་ཁྲིམས་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ཁྲིམས་རྩོད་པའི་ཚོགས་པ་བཙུགས་པ་ནི། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་ལས་དོན་ཐད་ཀྱི་འཚོལ་ཞིབ་གསར་པ་ཞིག་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་དང་། བཅའ་ཁྲིམས་རོགས་སྐྱོར་བྱེད་ལམ་ཕུན་སུམ་ཚོགས་སུ་དང་ཤར་གཏོང་བྱེད་པ། བཅའ་ཁྲིམས་རོགས་སྐྱོར་གྱི་ཁྱབ་ཁྱོན་ཆེ་རུ་གཏོང་བ། བཅའ་ཁྲིམས་རོགས་སྐྱོར་སྤྱི་ཚོགས་ཐོག་ཤེས་ཚད་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་དབང་སྲུང་སྐྱོང་གི་ལས་ཀའི་འགན་ནུས་སྔར་བས་ཆེ་རུ་གཏོང་བ་དང་། དཀའ་ངལ་ཡོད་པའི་བུད་མེད་ཚོགས་སྤྱིར་ཞབས་འདེགས་ཏན་ཏིག་ཞུ་བ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀ་ཟབ་གཏོང་དང་སྒྱུར་བཅོས་ཀྱི་བྱེད་ཐབས་གསར་པ་ཞིག་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།