འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དཔའ་རིས་སུ་བོད་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་གངས་ཤུད་
    ར་བ་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་17ཉིན། 12:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཧྭ་ཤང་ཉག་ག་རྒྱལ་སྤྱིའི་གངས་ཤུད་ར་བའི་རྣམ་གྲངས་དེ་དཔའ་རིས་བཀྲ་ཤིས་ཕྱུག་ལུང་ཤང་དུ་གནས་པ་དང་།རྣམ་གྲངས་དེ་མིག་སྔར་དུས་ཚོད་དམ་འཛིན་གྱིས་སྐྲུན་བཞིན་ཡོད།འདི་ལོའི་ཟླ་11པའི་ནང་དུས་ཐེངས་དང་པོའི་ལས་གྲྭ་ལེགས་གྲུབ་ཟིན་རྒྱུ་དང་ཆབས་ཅིག་ཟླ་12པར་དངོས་སུ་སྤྱོད་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན།རྣམ་གྲངས་དེ་ནི་དཔའ་རིས་རྫོང་གི་2016ལོའི་ཚོང་འགུག་མ་འདྲེན་གྱི་རྣམ་གྲངས་གཙོ་བོ་ཞིག་ཡིན་པ་དང་།དཔའ་རིས་རྫོང་ཡུས་ཞང་རིག་གནས་ཡུལ་སྐོར་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པ་ཞིག་ཡིན་ཞིང་།སྤྱིའི་མ་འཇོག་སྒོར་དུང་ཕྱུར་1.5ཟིན་པ་དང་འཆར་འགོད་རྒྱ་ཁྱོན་མུའུ་1353.39ཟིན་པར། ཞབས་ཞུ་ཁུལ་དང་།ཤིང་ཁང་གི་སྤྲོ་གསེང་ཁུལ།བོད་པའི་རིག་གནས་ཀྱི་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་ཁུལ།བཟའ་བཅའི་རིག་གནས་ཁུལ།བྱིས་པའི་སྤྲོ་གསེང་ཁུལ།རླངས་འཁོར་འཇོག་ས།རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་ཁུལ།གངས་ཤུད་ར་བ།གངས་རྩེད་ཁུལ།འཁྱགས་ཤུད་གློད་ཁུལ་བཅས་ལས་གྲུབ་ཡོད།རྣམ་གྲངས་དེ་བསྐྲུན་ཟིན་རྗེས་ཧྭ་ཤང་ཉག་གའི་གངས་ཤུད་ར་བ་དེ་ཉིད་རྒྱལ་ནང་གི་ཐུན་མོང་མ་ཡིན་པའི་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་རྒྱལ་སྤྱིའི་གངས་ཤུད་ར་བ་ཞིག་ཏུ་འགྱུར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།