འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་དྲ་རྒྱའི་བར་མཐོངས་ཀྱི་འགོག་སྲུང་ལག་རྩལ་ལ་ཚད་བརྒལ་གསར་པ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚན་རྩལ་པུས་ཧྲང་ཧའེ་གྲོང་ཁྱེར་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་ལ་དབང་ཆ་སྤྲད་ནས་ཚད་ལེན་ཚོད་ལྟ་དང་དཔྱད་དཔོག་བྱས་པ་བརྒྱུད། བཅིངས་འགྲོལ་དམག་ཆ་འཕྲིན་བཟོ་སྐྲུན་སློབ་ཆེན་དང་། ཕུའུ་ཏན་སློབ་ཆེན། ཀྲེ་ཅང་སློབ་ཆེན། ཀྲུང་གོ་ཚན་རིག་ཁང་ཆ་འཕྲིན་བཟོ་སྐྲུན་ཞིབ་འཇུག་ཁང་སོགས་ཚན་ཞིབ་ཚོགས་པས་མཉམ་དུ་འགན་འཁུར་བའི་རྒྱལ་ཁབ་ཀྱི“863འཆར་གཞིའི”གཙོ་གནད་རྣམ་གྲངས་ཀྱི་ཞིབ་འཇུག་འབྲས་བུ་སྟེ“དྲ་རྒྱའི་བར་མཐོངས་ཀྱི་འདྲ་རྣམ་འགོག་སྲུང་རིགས་པའི་གཞུང་ལུགས་དང་སྲོག་ཤིང་བྱེད་ཐབས”ཉེ་དུས་ཚོད་ལྟ་བྱས་ནས་ར་སྤྲོད་བྱས་པས་ཚད་ལེན་དཔྱད་དཔོག་གི་གྲུབ་འབྲས་དང་རིགས་པའི་གཞུང་ལུགས་ཀྱི་སྔོན་དཔག་གཉིས་རྦད་དེ་མཐུན་པ་དེ་ཐོག་ནས་དྲ་རྒྱའི་འགོག་སྲུང་ཁྱབ་ཁོངས་ཐད་རང་རྒྱལ་ལ་རིགས་པའི་གཞུང་ལུགས་གལ་ཆེན་དང་བྱེད་སྟངས་གསར་གཏོད་བྱུང་ནས་དྲ་རྒྱའི་བར་མཐོངས་ཀྱི“རྒོལ་སླ་སྲུང་དཀའི”འཐབ་ཇུས་བཀོད་སྒྲིག་མེད་པ་བཟོས་ཏེ་དྲ་རྒྱའི་བདེ་འཇགས་ཀྱི་རོལ་རྩེད་སྒྲིག་ལམ་བསྒྱུར་རྒྱུ་ཡིན་པ་མཚོན་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།