འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གསར་གཏོད་ཞིབ་སྤེལ་གྱི་གཏོང་སྒོ་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྲུང་གོ་ལས་འཛིན་ལྷན་ཚོགས་ཀྱིས་ཀོང་ཀྲོའུ་རུ་ཁྱབ་བསྒྲགས་བྱས་པའི་《ཀྲུང་གོའི་སྣོད་བཅུད་གསར་གཏོད་མ་ལག་》གི་སྙན་ཞུའི་ནང་གསར་གཏོད་ཁྱབ་ཁོངས་ཐད་ཀྲུང་གོར་འཕེལ་རྒྱས་གལ་ཆེན་བྱུང་ཞིང་། 2015ལོར་ཀྲུང་གོའི་ཞིབ་སྤེལ་གཏོང་སྒོའི་བསྡོམས་གྲངས་སྒོར་དུང་ཕྱུར་ཁྲི་1.422ཟིན་པ་དེས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་2.1%བཟུང་བ་དང་། ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་དང་མཚུངས་ཀྱི་ཡོད། གྲངས་གཞི་དེས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་ཞིབ་སྤེལ་གྱི་སྤྱིའི་གཏོང་སྒོའི་20%བཟུང་ནས་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་པ་འཁོད་ཡོད།
         “སྣོད་བཅུད་གསར་གཏོད་མ་ལག”ནི་དེང་རབས་དཔལ་འབྱོར་ཁྲོད་རྒྱུན་མཐུད་གསར་གཏོད་ལ་མཁོ་བའི་ཁེ་ཕན་ཁག་གི་འབྲེལ་ཡོད་ཕྱོགས་དང་ཐོན་ཁུངས་མངོན་འགྱུར་བྱ་རྒྱུ་དེ་ཡིན། འདས་ཟིན་པའི་ལོ་བཅུའི་ནང་དཔལ་འབྱོར་མཁས་ཅན་དང་ལས་ཞུགས་མཁན་གྱིས་གསར་གཏོད་ལ་འཛིན་པའི་ལྟ་སྟངས་འགྱུར་བ་དང་། དེ་སྔ་གསར་གཏོད་ནི་ཐབས་ཤེས་གསར་པ་འདོན་པར་ངོས་འཛིན་གྱི་ཡོད་མོད། འོན་ཀྱང་ད་ཆ“སྣོད་བཅུད་མ་ལག”ལ་གོ་བ་དང་གསར་གཏོད་བྱེད་སེམས་འཕེལ་བ་བྱེད་པའི་རྨང་གཞིའི་ཐོག་ཁྲོམ་རའི་ཐོན་རྫས་གསར་པ་དང་། ཞབས་ཞུ་གསར་པ། བཟོ་རིམ་གསར་པ་བཅས་སུ་བསྒྱུར་རྒྱུར་ནན་བཤད་བྱས་ཡོད།
         སྙན་ཞུའི་ནང་ཀྲུང་གོའི་ཞིབ་སྤེལ་མ་དངུལ་གཏོང་ཤུགས་དང་མི་ཤུགས་ཐོན་ཁུངས་མཁོ་སྤྲོད་ཀྱིས་གསར་གཏོད་ལ་ཐོན་ཁུངས་ཅུང་ཡག་པོ་མཁོ་འདོན་བྱས་ཤིང་། ཀྲུང་གོའི་ཡུལ་དེའི་ཁེ་ལས་ཀྱི་ཞིབ་སྤེལ་ལ་མ་དངུལ་གཏོང་ཤུགས་2005ལོའི་ཨ་སྒོར་དུང་ཕྱུར་12ནས་2015ལོའི་ཨ་སྒོར་དུང་ཕྱུར་394བར་མང་དུ་ཕྱིན་པ་དང་འཕར་ཚད་ལྡབ་32ཙམ་ཟིན་ཡོད་ཅེས་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།