འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལོ་5ཡི་རིང་ཞིང་པ་ལས་མིར་ཆད་པའི་གླ་ཕོགས་སྒོར་དུང་ཕྱུར་
    17.67གཙང་སྤྲོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2011ལོ་ནས་འདི་ལོ་བར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་པ་ལས་མི་ཁྲི་15ལྷག་ཙམ་ལ་ཆད་པའི་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་17.67རྗེས་འདེད་བཏང་ནས་ཚུར་ལེན་རོགས་བྱས་པས། ཆད་དངུལ་གཙང་སྤྲོད་བྱེད་ཚད་98%ལྷག་ཙམ་ཟིན་ཡོད་པ་རེད།
         ཁེ་ལས་ཀྱིས་ཞིང་པ་ལས་མིར་གླ་ཕོགས་ཆད་པའི་གནད་དོན་ཡུན་རིང་ལྷག་པ་དང་། ལོ་ལྟར་གནད་དོན་དེས་མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་ལ་ཡིག་འབུལ་ངོ་བཅར་བྱེད་ཚད་ཀྱི་70%ལྷག་ཙམ་ཟིན་ཡོད། 2011ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ཁག་ནས་ཞིང་པ་ལས་མི་དང་ཁྲིམས་ལྟར་གླ་ཕོགས་གན་འཇོག་རྒྱུར་ནུས་ཤུགས་ཡོད་རྒུས་ལྟ་སྐུལ་བྱས་པས། ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་ཡི་70%ལ་མིང་ངོ་མ་བཀོད་པའི་ལམ་ལུགས་ཀྱི་དོ་དམ་མངོན་འགྱུར་བྱུང་ནས། ཁེ་ལས་ཀྱིས་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆུང་དུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཨར་རྒྱག་གི་སྤྱིའི་འགན་གཙང་ལེན་མཁན་ཁེ་ལས་ལ་ཞིང་པ་ལས་མིར་ཐད་ཀར་གླ་ཕོགས་སྤྲོད་རྒྱུའི་ཡར་སྐུལ་བྱས་ནས་བར་གྱི་ལྷུ་ཚིགས་མེད་པ་བཟོ་གང་ཐུབ་ཅི་ཐུབ་བྱས་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་མཉམ་འབྲེལ་ཁྲིམས་སྐྱོང་ཞིབ་བཤེར་གྱི་ཕུགས་ཕན་ལམ་སྲོལ་བཙུགས་ནས། ལོ་ལྟར་ཁག་མང་པོ་དང་ཐེངས་མང་པོའི་སྒོ་ནས་གྲོང་ཁྱེར་གྲོང་གསེབ་སྡོད་ཁང་འཛུགས་སྐྲུན་དང་། སྤྱི་བདེ། བཟོ་ཚོང་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་གླ་ཕོགས་ཆད་འགྱངས་གཙོ་གནད་ས་ཁོངས་ལ་ལྟ་སྐུལ་དང་བཅོས་སྒྲིག་བྱས་པ་དང་། ལོ་5ཡི་ནང་ཁེ་ལས་ཁྲི་3.45ཡི་ཁྲོད་འབྲེལ་ཡོད་གྱོད་གཞི་8170རྩད་གཅོད་ཐུབ་པ་དང་། ཞིང་པ་ལས་མིར་གླ་ཕོགས་ཆད་པའི་ཁེ་ལས་114ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ། གནད་དོན་ལྷག་མང་བའི་མི་སྤྱོད་ཚན་པ་148ལ་དུས་བཀག་ལྟར་དག་ཐེར་བྱ་རྒྱུའི་བླང་བྱ་བཏོན་པ་རེད།
         གཞན་ཡང་། ལོ་5ཡི་རིང་མཚོ་སྔོན་དུ་ཆེད་མངགས་གླ་ཆ་མི་སྤྲོད་པ་དང་གླ་ཕོགས་ཆད་ནས་བྲོས་བྱོལ་དུ་སོང་བ་སོགས་ཀྱི་གནས་ཚུལ་ཚབས་ཆེ་རིགས་ཀྱི་འབྲེལ་ཡོད་ཁྲིམས་འགལ་གྱོད་གཞི་ཁག་38ཐོན་པ་དང་། འགན་འཁུར་བ་ཚང་མ་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལྟ་སྐུལ་བྱེད་ཤུགས་དང་ལྟ་ཞིབ་ལས་ཕྱོད་སྔར་བས་ཆེ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་ལག་བསྟར་ནན་ཤོས་ཀྱི་ཨར་ལས་ཁེ་ལས་ཀྱི་ཆོག་འཐུས་ཐོབ་ཐང་ལ་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་ཁག་ཐེག་དངུལ་མ་འཇལ་བའི་ཁེ་ལས་ཡིན་ཕྱིན་དེ་དག་ལ་ཨར་ལས་ཆོག་འཐུས་ལག་ཁྱེར་སྤྲད་མེད་པ་རེད། མིག་སྔར་ཞིང་ཆེན་དེར་རིམ་རྩིས་བྱས་ན་ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་ཁག་ཐེག་དངུལ་སྒོར་དུང་ཕྱུར་10.7འབྱོར་བ་དང་། ཉེ་བའི་ལོ་5ཡི་ནང་ཆད་དངུལ་འདེད་པའི་དོན་རྐྱེན་དང་ཡིག་འབུལ་ངོ་བཅར་བྱེད་མཁན་མི་གྲངས་ལོ་རེ་ལས་ལོ་རེ་མ་འདས་པར་ཇེ་ཉུང་དུ་སོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།