འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་འབྲིང་སློབ་མ་ཞིབ་བཟོའི་ནང་ཞུགས་པའི་རང་རྒྱལ་གྱི་སྲུང་སྐར་ཐོག་མ་
    འཕེན་གཏོང་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་15ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་ཀྲུང་གོ་སྐྱེལ་འདྲེན་མི་ཤུགས་འཕུར་མདའ་ལག་རྩལ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར། འཕེན་གཏོང་ལེགས་གྲུབ་བྱུང་བའི་རྒྱང་སྐྱོད་ཨང་བཅུ་གཅིག་པའི་སྐྱེལ་འདྲེན་མི་ཤུགས་འཕུར་མདའ་ཡིས“ཧྥེང་ཐའེ་ཡི་ལོ་ཆུང་ཨང་དང་པོ་དང་ལོ་ཆུང་གི་ཕུགས་འདུན་ཨང་དང་པོ”ཞེས་པའི་སྲུང་སྐར་ཆུང་ངུ་ཞིག་ཞོར་འདྲེན་བྱས་པ་ནི་རང་རྒྱལ་གྱིས་འཕེན་གཏོང་བྱས་པའི་སློབ་འབྲིང་སློབ་མ་ཞིབ་བཟོའི་ནང་ཞུགས་པའི་སྲུང་སྐར་ཐོག་མ་དེ་རེད།
         སྲུང་སྐར་དེ་འཁོར་ལམ་དུ་དུས་ཡུན་ཉིན་10ཙམ་འཁོར་སྐྱོད་བྱེད་ཐུབ་པ་ལས་རང་རྒྱལ་འདི་ཉིད་ཨ་རི་དང་། ཨུ་རུ་སུ། ཧྥ་རན་སེ། རི་པིན། རྒྱ་གར་བཅས་རྗེས་ཀྱི་གཞོན་ནུ་ལོ་ཆུང་སྲུང་སྐར་ཞིབ་བཟོའི་ནང་ཞུགས་པ་དང་འབྲེལ་སྲུང་སྐར་བདེ་བླག་ངང་འཕེན་གཏོང་ཡང་བྱས་པའི་རྒྱལ་ཁབ་ཨང་དྲུག་པར་གྱུར་པ་མཚོན་གྱི་ཡོད་པ་རེད།
         “ཧྥེང་ཐའེ་གཞོན་ནུ་ལོ་ཆུང་ཨང་དང་པོ་དང་གཞོན་ནུ་ལོ་ཆུང་གི་ཕུགས་འདུན་ཨང་དང་པོ”ཞེས་པའི་རྣམ་གྲངས་དེ་ཆན་ཞུའེ་སན་གཞོན་ནུ་ལོ་ཆུང་འཇིག་རྟེན་འཕུར་སྐྱོད་ཚན་རིག་ཁང་ལ་བརྟེན་ནས་ལག་ལེན་བསྟར་བ་ཞིག་རེད། 2011ལོའི་ཟླ་གསུམ་པར་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་གི་རྨང་གཞི་འདིང་མཁན་ཆན་ཞུའེ་སན་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུ་ཆེད་ཀྲུང་གོ་སྐྱེལ་འདྲེན་མི་ཤུགས་འཕུར་མདའ་ལག་རྩལ་ཞིབ་འཇུག་ཁང་དང་། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན། པེ་ཅིང་གྲོང་ཁྱེར་ཚན་རིག་ལག་རྩལ་ཨུ་ལྷན། པེ་ཅིང་གྲོང་ཁྱེར་ཚན་རིག་ལག་རྩལ་མཐུན་ཚོགས། ཧྥེང་ཐའེ་ཆུས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་ཆན་ཞུའེ་སན་གཞོན་ནུ་ལོ་ཆུང་འཇིག་རྟེན་འཕུར་སྐྱོད་ཚན་རིག་ཁང་བཙུགས་པ་དང་། དེས་རྒྱ་ཆེའི་སློབ་འབྲིང་སློབ་མའི་ཁྲོད་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་བ་དང་ཚན་རྩལ་གསར་གཏོད་ནང་ཞུགས་པའི་གཞོན་ནུ་ལོ་ཆུང་གི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།