འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་ཁང་གིས་མཚོ་སྔོན་
    ཞིང་ཆེན་གྱི་བོད་རིགས་ལྟེ་གནས་སློབ་གྲྭར་སློབ་སྦྱོང་མཁོ་ཆས་སྤྲད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་04ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་1ཉིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་ཁང་གིས་མཚོ་སྔོན་ཞིང་ཆེན་མཚོ་ཤར་བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་གསེར་གཞོང་བོད་རིགས་ཞང་གི་ལྟེ་གནས་སློབ་གྲྭར་ལག་ཐོག་ཀློག་ཀླད་དང་སློབ་སྦྱོང་བྱེད་པའི་དཔེ་ཆ་སྤྲོད་པ་རེད། 
          ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་འཆམ་མཐུན་ངང་འབྲེལ་བ་བཙུགས་ནས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་ཁང་དང་གསར་གཞོང་ཞང་གི་ལྟེ་གནས་སློབ་གྲྭ་གཉིས་བར་ཞལ་འདེབས་ཀྱི་གྲོས་མཐུན་བཞག་ནས། སློབ་གྲྭར་ལག་ཐོག་ཀློག་ཀླད་10དང་《རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོ》 《དེང་རབས་རྒྱ་ཡིག་ཚིག་མཛོད་》དང་《བོད་ཡིག་ཚིག་མཛོད་གསར་པ་》སོགས་500ལྷག་ཙམ་བཅས་སློབ་སྦྱོང་བྱེད་པའི་དཔེ་ཆ་སྤྲད་པ་མ་ཟད། སློབ་མ་ཚོས་ཕུགས་འདུན་ཆེན་མོ་བཅངས་ནས་སློབ་སྦྱོང་ཡག་པོ་བྱས་ནས། ཚན་རིག་རིག་གནས་ཀྱི་ཤེས་བྱ་ཇེ་མཐོ་དང་ལུས་རྩལ་སྦྱོང་བརྡར་ལ་ཤུགས་སྣོན། སྦྱོང་འབྲས་ཕུལ་བྱུང་། གཟུགས་གཞི་བདེ་ཐང་བཅས་ཀྱི་ངང་ནས་ཁྱིམ་བདག་དང་དགེ་རྒན་ལ་དྲིན་ལན་མཇལ་བ་དང་། མ་འོངས་པར་མེས་རྒྱལ་ལ་གོ་ཆོད་མཁན་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་སྐུལ་མ་བཏང་བ་རེད། 
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།