འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་བོད་ལྗོངས་སྒྲ་ལྡན་མདའ་འཕེན་འགྲན་བསྡུར་ཉིང་ཁྲིར་གཉེར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་01ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།2016ལོའི་བོད་ལྗོངས་སྒྲ་ལྡན་མདའ་འཕེན་འགྲན་བསྡུར་ཉིང་ཁྲིར་གཉེར་བ།
         མི་དམངས་དྲ་བའི་འཕྲིན།  ཟླ་10ཚེས་31ཉིན་བོད་ལྗོངས་ཀྱི་སྐབས་གསུམ་པའི་ཁང་ཕྱིའི་ལུས་རྩལ་ཚོགས་ཆེན་སྒྲ་ལྡན་མདའ་འཕེན་འགྲན་བསྡུར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ལུས་རྩལ་ཐང་དུ་གཉེར་ཞིང་། མདའ་པ་90ཚོགས་ཆུང་9རུ་བགོས་ནས་འགྲན་བསྡུར་ལ་ཞུགས་པ་རེད། སྒྲ་ལྡན་མདའ་ཡི་མདའ་མགོ་ནི་ཤིང་གི་ཟླུམ་སྙུང་གཟུགས་ཞིག་ཡིན་ཞིང་། དེའི་སྟེང་ལ་བུ་ག་བཞི་འབིགས་ཡོད་པས། མདའ་འཕངས་ནས་འབེན་བར་སྣང་འབེན་ལ་སྐྱོད་པའི་རིང་མཁའ་རླུང་མདའ་མགོའི་བུ་ག་ཆུང་ཆུང་ནང་བརྒྱུདསྐབས་རྣ་ལ་ཧ་ཅང་ཚ་བའི་སྒྲ་ཐོན་ཡོང་བས་མི་རྣམས་ལ་སྤྲོ་སྣང་སྟེར་བ་རེད། སྒྲ་ལྡན་མདའ་འཕེན་འགྲན་བསྡུར་ནི་བོད་ལྗོངས་ཤར་ལྷོ་རྒྱུད་ཀྱི་མི་དམངས་ཚོས་ལོ་ལེགས་བྱུང་བར་རྟེན་འབྲེལ་དང་། ལོ་གསར་བསུ་བ་སོགས་ཀྱི་དུས་ཆེན་གལ་ཆེན་དུ་མེད་དུ་མི་རུང་བའི་རོལ་རྩེད་འགྲན་བསྡུར་བྱེད་སྒོ་ཞིག་རེད། པར་རིས་འདི་ནི་ཟླ་10ཚེས་31ཉིན་དགུང་ལོ་66ལ་ཕེབས་པའི་མདའ་པ་ཞིག་གིས་འབེན་སྙིང་ལ་གཏད་ནས་སྒྲ་ལྡན་མདའ་འཕེན་གྲབས་ཡོད་པ།
    【1】  【2】  【3】
    ༄༅།།2016ལོའི་བོད་ལྗོངས་སྒྲ་ལྡན་མདའ་འཕེན་འགྲན་བསྡུར་ཉིང་ཁྲིར་གཉེར་བ།
      

    ཕྱོགས་བསྡུས་གསར་འགྱུར།