འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སློབ་གྲྭ་ཆེན་པོས་སྐད་སྒྲ་དང་། ལག་འབྲི། སྦྱོར་འབྲི་བཅས་ཐབས་གསུམ་
    གཞི་གཅིག་ཏུ་བསྒྱུར་པའི་བོད་ཡིག་འཇུག་སྟངས་ཀུན་ནུས་མཉེན་ཆས་
    ཐོག་མ་བཏོན་པ་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་04ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན་བོད་ལྗོངས་སློབ་གྲྭ་ཆེན་མོས་ལྷ་ས་གྲོང་ཁྱེར་དུ་སྐད་སྒྲ་དང་། ལག་འབྲི། སྦྱོར་འབྲི་བཅས་ཐབས་གསུམ་གཞི་གཅིག་ཏུ་བསྒྱུར་པའི་བོད་ཡིག་འཇུག་སྟངས་ཀུན་ནུས་མཉེན་ཆས་ཐོག་མ་བཏོན་པ་ཡོངས་བསྒྲགས་བྱས་པ་རེད། མཉེན་ཆས་འདི་ནི་སྦྲང་ཚང་ཡི་གེ་འཇུག་སྟངས་བཟོ་དབྱིབས་གཞིར་བཟུང་ནས་བཟོས་པའི་བོད་སྐད་འཇུག་སྟངས་ཀུན་ནུས་མཉེན་ཆས་ཐོག་མ་ཡིན་ཞིང་། དེས་བོད་སྐད་ཀྱི་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ཁྱབ་ཁོངས་ནང་གི་སྟོང་ཆ་གསར་པ་ཞིག་བསྐངས་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། མཉེན་ཆས་འདི་ནི་རིག་ལྡན་སྤྲིན་གྱི་སྟེགས་བུ་(智能云平台)ལ་བརྟེན་ནས་སྐད་སྒྲ་དང་། ལག་འབྲི། སྦྱོར་འབྲི་བཅས་ཐབས་གསུམ་གཞི་གཅིག་ཏུ་བསྒྱུར་པ་དང་། བོད་སྐད་ཀྱི་སྐད་སྒྲ་ཤན་འབྱེད་ངོས་འཛིན་ལག་རྩལ་དང་བོད་ཡིག་ལག་བྲིས་ཤན་འབྱེད་ངོས་འཛིན་ལག་རྩལ་འདུས་གྲུབ་བྱས་པའི་གྲུབ་འབྲས་ཡིན་པས་སྤྱོད་མཁན་ཚོར་བེད་སྤྱོད་སྟབས་བདེ་བ་དང་ཡང་དག་ཚད་མཐོ་བའི་མཉེན་ཆས་ཤིག་མཁོ་འདོན་བྱས་པ་རེད།
         ཡོངས་བསྒྲགས་ཚོགས་འདུའི་སྟེང་དུ་བོད་ལྗོངས་སློབ་གྲྭ་ཆེན་པོས་སློབ་མ་དོན་གྲུབ་ཀྱིས་བོད་སྐད་དང་དབུ་མེད་ལག་འབྲིའི་བོད་ཡིག་འཇུག་སྟངས་བསྟན་ཞིང་། མཉེན་ཆས་དེས་ཤན་འབྱེད་ངོས་འཛིན་བྱེད་པར་བརྟེན་ནས་མགྱོགས་ཤིང་ཡང་དག་པའི་སྒོ་ནས་བོད་ཡིག་ཚད་ལྡན་ཕྱིར་འདོན་པ་མ་ཟད་ཡང་དག་ཚད་97%ཟིན་ཡོད་པ་རེད།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།